དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོས།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་ཆེད་དོན་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོས“ཁ་བསླུས་སྔོན་འགོག་དང་གཡོ་སྒྱུའི་དོང་རྙིར་མི་ཚུད་པ་བྱེད་པའི”གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    འཆད་ཁྲིད་བྱེད་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཆབ་སྲིད་པུའི་དྲིལ་བསྒྲགས་ཁོའོ་ཡི་རིམ་པ་གསུམ་པའི་ཉེན་རྟོག་དཔོན་སྐལ་བཟང་དབྱངས་ཅན་གདན་དྲངས་ཤིང་། ཁོང་གིས་ཉེ་དུས་བོད་ཀྱི་མཐོ་སློབ་ཀྱི་དགེ་སློབ་ཁྲོད་ཐོན་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་དཔེ་མཚོན་ལ་དམིགས་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་རིགས་དང་། དྲ་རྒྱ་ནས་དངུལ་བུན་གཏོང་བའི་ཁ་བསླུས་རྒྱག་སྟངས། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་མི་སྣར་བརྫུས་ནས་ཁ་བསླུས་རྒྱུག་སྟངས། “གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རམ་འདེགས་བྱས་པའི”ནག་ཉེས་ཀྱི་ཚད་གཞི་སོགས་ནས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། སློབ་མས་བཏོན་པའི་གློག་འཕྲིན་ཁ་བསླུས་དང་འབྲེལ་བ་ཡོད་པའི་འདྲི་བ་སྣ་ཚོགས་ལ་ལན་ཡང་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།