དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས།

    དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་ཧྲིན་ལི་དུས་རབས་ཐང་ཆེན་དུ“དམངས་དང་སེམས་པ་གཅིག་ཏུ་སྦྲེལ་ནས་ཁྱེད་ལ་སྲུང་སྐྱོང་ཡག་པོ་བྱེད”ཅེས་པའི་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་འགོག་ཟོན་བྱེད་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་འགྲེམས་པང་བཙུགས་པ་དང་། དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ། ས་གནས་ས་ཐོག་ཏུ་བློ་འདྲི་བྱེད་པ། དྲིལ་བསྒྲགས་ཀྱི་བརྙན་ལམ་སྟོན་པ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད། མང་ཚོགས་ལ་དཔལ་འབྱོར་ཉེས་གསོག་བྱེད་སྤྱོད་ཀྱི་ཆོས་ཉིད་དང་ཁྱད་ཆོས་དང་། ཉེས་པ་གསོག་སྟངས། དཔེ་མཚོན་གྱོད་གཞི། འགོག་ཟོན་ཤེས་བྱ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་ཉེན་ཁ་དབྱེ་འབྱེད་བྱེད་ནུས་ཆེ་རུ་གཏོང་བ་དང་། སྐྱེད་ཀ་མང་པོ་ཡོད་པའི་བསླུ་བྲིད་བྱེད་སྟངས་རང་རྟོགས་ངང་འགོག་ཟོན་བཅས་བྱས་ཏེ་རང་ཉིད་ཀྱི“དངུལ་ཁུག”སྲུང་སྐྱོང་ཏན་ཏིག་བཅས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།