ཅང་སུའུ་ཐའེ་ཤིང་གིས་སོག་མའི་ལེགས་བསྡུས་ཞིབ་གཉེར་དང་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་བ།
ཉེ་བའི་ལོ་ཤས་རིང་ཅང་སུའུ་ཞིང་ཆེན་ཐའེ་ཤིང་གྲོང་ཁྱེར་གྱིས་ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་གི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། “སྲིད་གཞུང་དང་ཁེ་ལས་མཉམ་ལས”ཀྱི་གཏན་འཇགས་ཀྱི་ཚུར་བསྡུ་དང་ཐུམ་སྒྲིལ་རྒྱག་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་ཁྱེར་ཡོངས་སུ་གཅིག་སྡུད་བསྡུ་རུབ་ཉར་ཚགས་ལྟེ་གནས་བཀོད་སྒྲིག་ལུགས་མཐུན་དང་། དུས་བཀག་ལྟར་སོག་མ་ཐུམ་སྒྲིལ་བརྒྱབ་སྟེ་སོག་མ་གཅིག་སྡུད་བེད་སྤྱོད་ལ་སྐུལ་འདེད་བཏང་བ་རེད། འདི་ནི་ཟླ་5ཚེས་29ཉིན་ཅང་སུའུ་ཞིང་ཆེན་ཐའེ་ཤིང་གྲོང་ཁྱེར་ཅི་ཁྲོན་ཁྲོམ་གཞུང་ཀྲུང་ཞན་གྲོང་ཚོའི་སོག་མ་ཚུར་བསྡུ་ས་ཚིགས་སུ་ཞིང་འཕྲུལ་ཁ་ལོ་བས་པད་ཁའི་སོག་མ་སྤུངས་བཞིན་པ།