རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བྱ་ཐབས་28བཏོན་ནས་སྨན་བཅོས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ།
ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས་ཀྱིས《སྨན་བཅོས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་བྱ་སྤྱོད་འཆར་གཞི(2023ལོ་ནས་2025ལོ་བར)》ཡོངས་བསྒྲགས་བྱས་ནས། རྒྱལ་ཡོངས་སུ་དུས་ཡུན་ལོ་གསུམ་གྱི་སྨན་བཅོས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་བྱ་སྤྱོད་མཉམ་དུ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
ད་ཐེངས་ཀྱི་བྱ་སྤྱོད་ཀྱིས་རྨང་གཞིའི་སྤུས་ཚད་ཀྱི་བདེ་འཇགས་དོ་དམ་དང་། འགག་རྩའི་ལྷུ་ཚིགས་དང་བྱ་སྤྱོད་དོ་དམ། སྤུས་ཚད་ཀྱི་བདེ་འཇགས་དོ་དམ་མ་ལག་འཛུགས་སྐྱོང་སོགས་ཀྱི་ཐད་ནས་བྱ་ཐབས་ཞིབ་ཕྲ་ཁག་28དང་ཆེད་དོན་བྱ་སྤྱོད་ཁག་5བཏོན་ཡོད་པ་རེད། ནང་དོན་གཙོ་བོར་ཕྱོགས་ཆེན་པོ་གསུམ་ཚུད་པ་སྟེ། གཅིག་ནི་རྨང་གཞིའི་སྤུས་ཚད་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲུབ་ཆའི་སྤུས་ཚད་བརྟན་དུ་གཏོང་བ། གཉིས་ནི་འགག་རྩའི་ལྷུ་ཚིགས་དང་བྱ་སྤྱོད་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བརྒྱུད་རིམ་གྱི་སྤུས་ཚད་མཐོ་རུ་གཏོང་བ། གསུམ་ནི་སྤུས་ཚད་དོ་དམ་དྲ་བའི་ཚགས་དམ་དུ་བཏང་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་སོ།