དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • 2023ལོའི་གྲངས་གཞི་ཆེན་པོའི་དངོས་མང་སྟོན་ཚོགས་མཇུག་འགྲིལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-06

    ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་འཚོགས་པའི་2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་གཞི་ཆེན་པོའི་ཐོན་ལས་དངོས་མང་སྟོན་ཚོགས་མཇུག་འགྲིལ་ཞིང་། ད་རེས་ཀྱི་གྲངས་གཞི་ཆེན་པོའི་དངོས་མང་སྟོན་ཚོགས་ཀྱིས་ཤར་གྲངས་ནུབ་རྩིས་དང་མི་ཐབས་ཀྱི་རིག་ནུས་ཆེན་པོ་སོགས་སྔོན་ཐོན་གྱི་གླེང་མང་བའི་གྲོས་གཞིར་དམིགས་ནས་གླེང་སྟེགས་འཚོགས་པར་ཁེ་ལས་328དྲ་ཕྱི་ནས་འགྲེམས་ཚོགས་ལ་ཞུགས་རྒྱུར་ཡིད་དབང་བཀུག་སྟེ་རྒྱལ་སྤྱི་དང་རྒྱལ་ནང་གི་སྔོན་ཐོན་ཚན་རྩལ་གྲུབ་འབྲས་རྣམ་གྲངས་20ཁྱབ་བསྒྲགས་བྱས་པ་དང་རྣམ་གྲངས་71ལ་གན་རྒྱ་འཇོག་རྒྱུར་སྐུལ་འདེད་བཏང་བར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་613ཟིན་ཡོད།

    གསར་འགོད་པར་སྟོན་ཚོགས་མཇུག་འགྲིལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་རེས་ཀྱི་གྲངས་གཞི་ཆེན་པོའི་དངོས་མང་སྟོན་ཚོགས་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། བཟོ་འཕྲིན་པུའུ། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེས“གྲངས་གཞི་དང་དངོས་ཚན་ཟུང་དུ་འབྲེལ་ནས་གྲངས་གཞིས་འབྱུང་འགྱུར་གཏོད”ཅེས་པ་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་ཏེ“ཚོགས་འདུ་དང་། འགྲེམས་ཚོགས། ཁྱབ་བསྒྲགས། འགྲན་བསྡུར་ཆེན་པོ། ཚོང་དོན་ངོ་འཕྲད་གྲོས་མོལ་བཅས་རེ་འཚོག་རྒྱུར”དམིཌ་ནས་བྱེད་སྒོ་ཐེངས་220ལྷག་ཙམ་སྤེལ་ཏེ་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ཇུས་གཞི་གསར་པ་བཅས་900ལྷག་ཙམ་བཏོན་པར་མི་ཐེངས་ཁྲི་18ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་པའི་ཡིད་དབང་བཀུག་ནས་སྐབས་རིམ་བྱུང་གི་གྲངས་གཞི་ཆེན་པོའི་དངོས་མང་སྟོན་ཚོཌ་ལ་ཞུགས་མཁན་མི་གྲངས་མང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།