དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཉེན་སེལ་རོགས་སྐྱོབ་གྲ་སྒྲིག་ཨང་བསར་ཆེད། སྣ་ཚོགས་རྩལ་ནུས་སྦྱོར་བརྡར་ཧུར་ཐག་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཁ་རུབ་ཆུས་རུ་འབྲིང་གིས་ཆུ་ཁོངས་རོགས་སྐྱོབ་ཀྱི་སྦྱོང་བརྡར་བྱེད་བཞིན་པ།

    འབྲུབ་འགོག་ཞོད་འགོག་དང་ཉེན་སེལ་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཁ་རུབ་ཆུས་རུ་འབྲིང་གིས་སྣ་མང་ཅན་གྱི་ཆུ་ཁོངས་རོགས་སྐྱོབ་སྦྱོང་བརྡར་བྱས་པ་རེད།

    སྦྱོང་བརྡར་ནང་གཙོ་བོ་ཆུ་ཁོངས་རོགས་སྐྱོབ་ཀྱི་རྩ་དོན་དང་། བྱེད་ཐབས། བླང་བྱ་བཅས་དང་དེ་བཞིན་དམག་འཐབ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དོན་གནད་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་མི་སྒེར་གྱི་འགོག་སྲུང་དང་། ཐག་པ་བཏང་ནས་རོགས་སྐྱོབ། གྲུ་གཟིངས་མགོ་རྟིང་ལོག་སྐབས་ཀྱི་རང་སྐྱོབ། ཚོགས་པའི་འཕྱོ་གཡེང་སོགས་ཀྱི་སྦྱོང་བརྡར་སྤེལ་བས་རུ་འབྲིང་དེའི་ཆུ་ཁོངས་རོགས་སྐྱོབ་སྒྲིག་ཆས་བེད་སྤྱོད་དང་རོགས་སྐྱོབ་བརྒྱུད་རིམ་ཁྲོད་ཀྱི་ཉེན་ཁའི་གནས་ཚུལ་སྣ་ཚོགས་ཐག་གཅོད་བྱེད་ནུས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།