དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས།

    ཡོམ་འགོག་གེགས་སེལ་གྱི་དངོས་འཐབ་ནང་སྦྱོང་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    འདི་ནི་དངོས་འཐབ་ནང་སྦྱོང་བྱ་ཡུལ་ཡིན་པ།

    ཉེ་ཆར་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་ཉིང་ཁྲི་གྲོང་ཁྱེར་དུ“འཕྲལ་སྡོམ་འགན་འཁྲི། 2023ལོའི་བོད་ལྗོངས”ཀྱི་ཡོམ་འགོག་གེགས་སེལ་གྱི་དངོས་འཐབ་ནང་སྦྱོང་བྱས་པ་རེད། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བཀའ་བཏང་མ་ཐག་བྱ་སྤྱོད་སྤེལ་ཞིང་། ནང་སྦྱོང་ལ་ཞུགས་མཁན་སྟོབས་ཤུགས་གཙོ་བོ་ཡིན་པའི་ངོས་ནས་རླངས་འཁོར་50དང་མི་230བསྡུ་རུབ་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་དངོས་འཐབ་ནང་སྦྱོང་ལ་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ནང་སྦྱོང་གིས་ཕྱོགས་གཅིག་ནས་དཔུང་ཁག་གི་དམག་འཐབ་ནུས་པར་ཞིབ་དཔྱད་བྱས་པ་དང་། ཕྱོགས་གཞན་ཞིག་ནས“གེགས་ཆེན་དང་ཉེན་ཆེའི”མདུན་དུ་རིམ་ཁག་རོགས་སྐྱོབ་སྟོབས་ཤུགས་དང་མཉམ་སྒྲུབ་མཉམ་འགུལ་བྱེད་པའི་ཐུན་མོང་གི་དམག་འཐབ་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་རོགས་སྐྱོབ་ཀྱི་ནུས་ཆེའི་རང་བཞིན་དང་། ཆེད་ལས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་འགན་ལེན་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།