དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྡེ་ཚན་མང་པོས་ཕྱར་བ་གྲུ་འདེགས་བྱས། ལམ་བཞུད་འགྲུལ་པ་སྲོག་ཉེན་གནས་ལས་བསྐྱབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    མི་དམངས་ཉེན་རྟོག་པ་དང་། སྨན་དོན་པ། མེ་ཟོན་པ་བཅས་ཀྱིས་རོགས་སྐྱོབ་ལས་དོན་སྤེལ་བཞིན་པ།

    ཟླ་5ཚེས་17ཉིན་གྱི་ཐོ་རེངས་ཆུ་ཚོད་2དང་སྐར་མ་40ཙམ་ལ། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤྱི་བདེ་ཅུས་མཆོད་རྟེན་ཤང་མངགས་གཏོང་ཁང་ལ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ནས་རྒྱལ་ལམ་318ཀྱི་མཆོད་རྟེན་ཤང་འདན་པ་གྲོང་ཚོའི་ལམ་དུམ་དུ་ཁ་ལོ་བའི་ལག་རྩལ་དབང་གིས་སྒེར་འཁོར་ཞིག་གཡང་ལ་ལྷུངས་འདུག་ཅེས་བཤད། དུས་ཚོད་ནི་ཚེ་སྲོག་ཡིན་ཞིང་། བཀའ་འབྱོར་རྗེས་མཆོད་རྟེན་ཤང་མངགས་གཏོང་ཁང་གིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། ས་གནས་ས་ཐོག་ཏུ་བསྐྱོད་ནས་རོགས་སྐྱོབ་ཀྱི་ལས་དོན་སྤེལ་བ་རེད།

    རོགས་སྐྱོབ་མི་དམངས་ཉེན་རྟོག་པ་དང་། སྨན་དོན་མི་སྣ། མེ་ཟོན་མི་སྣ་བཅས་ཀྱི་ཐུན་མོང་འབད་བརྩོན་འོག མཐར་ཉེན་གྱར་མི་སྣ་དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད། མིག་སྔར་ཉེན་གྱར་མི་སྣ་སྲོག་ཉེན་ལས་མཐར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེན་གྱར་མི་སྣ་དེ་ནི་ནང་སོག་ནས་ཡིན་ཞིང་། གཅིག་པུར་རླངས་འཁོར་བཏང་ནས་བོད་དུ་ཡུལ་སྐོར་ལ་སླེབས་པ་དང་། རྒྱལ་ལམ་318ཀྱི་མཆོད་རྟེན་ཤང་འདན་པ་གྲོང་ཚོའི་ལམ་དུམ་བརྒྱུད་སྐབས། རླངས་འཁོར་གཡང་ལ་ལྷུངས་ཤིང་། རྒྱ་ལམ་འགྲུལ་པས་གཡང་ལ་ལྷུངས་པའི་རླངས་འཁོར་མཐོང་རྗེས་འཕྲལ་མར་ཉེན་རྟོག་པར་སྙན་སེང་ཞུས་པ་རེད།

    རྒྱལ་ལམ་318ཀྱི་སྨར་ཁམས་རྫོང་མཆོད་རྟེན་ཤང་འདན་པ་གྲོང་ཚོའི་ཇོ་པ་ལའི་ལམ་དུམ་ནི་གཡང་གཟར་བ་དང་། གུ་དོག་པ། རི་ཉིལ་སླ་བས་མཆོད་རྟེན་ཤང་མངཌ་གཏོང་ཁང་གིས་དེར་དྲན་སྐུལ་བྱས་པར། ད་ལྟ་ཆར་དུས་འཆར་ཉེར་ཡོད་པས་ཡུལ་སྐོར་བ་དང་རྒྱ་ཆེའི་ཁ་ལོ་བ་རྣམས་འདན་པ་གྲོང་ཚོའི་ཇོ་པ་ལ་བརྒྱུད་སྐབས། རླངས་འཁོར་གྱི་མྱུར་ཚད་འགོར་དུ་གཏོང་བ་དང་། ཨར་པོའི་མཚོན་རྟགས་བྱང་བུ་དང་ཨར་པོའི་ལམ་དུམ་བརྒྱུད་སྐབས་ཡིད་གཟབ་བྱེད་པ། མྱུར་ཚད་ལས་བརྒལ་བ་དང་། ཤོང་ཚད་ལས་བརྒལ་བ། ངལ་དུབ་བཅས་ཀྱི་སྒོ་ནས་རླངས་འཁོར་མི་གཏོང་བ། རླངས་འཁོར་གཏོང་བའི་གོམས་གཤིས་བཟང་པོ་འཇགས་པ་བཅས་ལ་བརྟེན་ནས་ཚང་མས་ལག་གདང་སྦྲེལ་ཏེ་གཞུང་ལམ་འགྲིམ་འགྲུལ་བདེ་འཇཌ་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།