དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • 2023ལོའི་བོད་ཀྱི“དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བ”འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-03

    ཟླ་6ཚེས་1ཉིན“ལྗང་མདོག་དུག་མེད་བོད་ལྗོངས། ཚང་མས་མཉམ་དུ་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2023ལོའི་ཟླ་6པའི་བོད་ཀྱི“དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བའི”འགོ་ཚུགས་མཛད་སྒོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་དུག་འགོག་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་བཅས་ཡིན་པའི་ཀྲང་ཧུང་པོ་འགོ་ཚུགས་མཛད་སྒོར་ཕེབས་ནས་གསུང་བཤད་གནང་བ་མ་ཟད། ཟླ་6པའི་བོད་ཀྱི“དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བ”དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་དུག་འགོག་ལས་དོན་གཏིང་ཟབ་སྤེལ་དགོས་པ་དང་། རིམ་ཁག་དུག་འགོག་སྡེ་ཚན་དང་དུག་འགོག་ཨུ་ལྷན་གྱི་ཁོངས་མིའི་ཚན་པས་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་དུག་འགོག་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་དང་། འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀའི་འགན་འཁྲི་དོན་འཁྱོལ། སྤྱི་ཚོགས་དང་ཁྱིམ་ཚང་ཕྱོགས་ཡོངས་ནས་ཞུགས་པའི་ཁྱོན་ཡོངས་དང་། ཕྱོགས་བསྡུས། ཁྱབ་རྒྱ་ཆེ་བ་བཅས་ཀྱི་དུག་འགོག་ལས་དོན་གྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། གཞོན་ནུ་ལོ་ཆུང་ཚོགས་སྤྱི་གཙོ་གནད་དུ་བྱས་ཏེ་གཞོན་ནུ་ལོ་ཆུང་གི་དུག་འགོག་སློབ་གསོའི་འདུ་འགོད་གཏིང་ཟབ་སྤེལ་ནས་དུག་འགོག་སློབ་གྲྭའི་སློབ་གསོའི“དོན་འཁྱོལ་ལྔར”སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཁྱད་ཆོས་མངོན་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ། ས་གནས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་དུག་འགོག་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་དུག་འགོག་གི་རྣམ་པ་ཟབ་མོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།