དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱ་ཚ་རྫོང་གིས།

    དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་རའི་སྒྲིག་ལམ་ཡག་པོ་བསྲུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ཉིན་ཤས་གོང་། གསར་འགོད་པར་རྒྱ་ཚ་རྫོང་དུ་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་ར་འཁྲུག་ཆ་དོད་ཅིང་། དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་མཐོང་བྱུང་།

    རྒྱ་ཚ་རྫོང་ནི་ལྷོ་ཁ་གྲོང་ཁྱེར་གྱི་དབྱར་རྩྭ་དགུན་འབུ་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་ལོ་ལྟར་གྱི་ཟླ་4པ་ནས་ཟླ་6པའི་བར་ནི་རྫོང་དེའི་དབྱར་རྩྭ་དགུན་འབུ་འཐུ་ཚོང་གི་དུས་ཚོད་ཡིན་ཞིང་། དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་རར་མང་ཚོགས་ཚོས་དབྱར་རྩྭ་དགུན་འབུ་ཁྱེར་ནས་ཚོང་པ་དང་རིན་གོང་འགྲིག་བཞིན་ཡོད་པ་རེད།

    དབྱར་རྩྭ་དགུན་འབུ་ནི་རྒྱ་ཚ་རྫོང་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཡིན་པ་དང་དྲང་གཞག་དྲང་བདེན་གྱི་ཚོང་གཉེར་ཁོར་ཡུག་གཏོད་ཆེད། རྒྱ་ཚ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གྱིས་དུས་འགོའི་བཀོད་སྒྲིག་ནས་ཉོ་ཚོང་གི་བརྒྱུད་རིམ་ཧྲིལ་པོའི་བར་ལས་དོན་འབོར་ཆེན་བསྒྲུབས་ཡོད། “ཉོ་ཚོང་ཁྲོམ་རའི་སྒྲིག་ལམ་ཡག་པོ་སྲུང་ཆེད། ང་ཚོས་ཉོ་ཚོང་ཕྱོགས་གཉིས་པོས་གཅིག་སྡུད་ཐོག་བཙུགས་པའི་ཉོ་ཚོང་ཁྲོམ་རའི་ལས་སྟེགས་ཕུད་པའི་ས་ཆ་གཞན་དུ་ཉོ་ཚོང་བྱེད་དུ་མི་འཇུག་པ་དང་དུས་མཚུངས་ཉིན་ལྟར་ཁྲིམས་སྒྱུར་མི་སྣས་ཉོ་ཚོང་ཁྲོམ་རའི་དབྱར་རྩྭ་དགུན་འབུའི་རིན་གོང་དང་སྣ་ཁ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཉོ་ཚོང་དྲང་གཞག་དྲང་བདེན་དང་སྒྲིག་ལམ་ཡོད་པར་བྱེད་ཀྱི་ཡོད”ཅེས་རྒྱ་ཚ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་བྱམས་པ་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།