དབུ་ཤོག>ཁྲིམས་ལུགས།
  • ལྷུན་གྲུབ་རྫོང་གིས་ནགས་དཔོན་དང་ཅན་ཁྲ་ཀྲང་དང་ཉེན་རྟོག་དཔོན་གྱི་མཉམ་སྒྲུབ་ལམ་སྲོལ་གྱི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ནགས་འབྲེལ་རྩྭ་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ནགས་ཚལ་དང་རྩྭ་ཐང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད། ཉེ་ཆར། ལྷུ་གྲུབ་རྫོང་གིས་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་རྫོང་ནགས་ཚལ་རྩྭ་ཐང་ཅུས་དང་། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་སྤྱི་བདེ་ཅུས་བཅས་ཀྱིས་ནགས་དཔོན་དང་ཅན་ཁྲ་ཀྲང་དང་ཉེན་རྟོག་དཔོན་གྱི་མཉམ་སྒྲུབ་ལམ་སྲོལ་གྱི་གྲོས་མཐུན་བཞག་པ་རེད།

    ལྷུན་གྲུབ་རྫོང་ནགས་ཚལ་རྩྭ་ཐང་ཅུས་དང་། རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་སྤྱི་བདེ་ཅུས་བཅས་ཀྱིས“ནགས་དཔོན་+”ལས་དོན་གྱི་དམིགས་ཚད་གཙོ་བོ་དང་། མཉམ་སྒྲུབ་ལས་འགན། ཞིབ་ཕྲའི་བླང་བྱ་སོགས་ཀྱི་ནང་དོན་སྔར་བས་ཁ་གསལ་དུ་བཏང་ནས་ལྷུན་གྲུབ་རྫོང་གི་ནགས་དཔོན་ལམ་ལུགས་ལས་དོན་གྱི་མཉམ་འབྲེལ་ལམ་སྲོལ་གྱི་སྟོང་ཆ་བསྐངས་པ་དེས་ལྷུན་གྲུབ་རྫོང་རྫོང་རིམ་པའི་ནགས་དཔོན་གཞུང་ལས་ཁང་དང་། ཞིབ་དཔྱོད་ལས་ཁུངས། སྤྱི་བདེ་སྡེ་ཚན་བཅས་ཀྱིས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་ཐབས་མཁས་ཀྱིས་སྤྱད་དེ་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་གང་ལེགས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།