
འདི་ནི་ཉེས་གསོག་དོགས་ཅན་གྱིས་ཉེས་གསོག་ཡོ་བྱད་སྟོན་བཞིན་པ།
ཟླ་5ཚེས་12ཉིན། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་ལ་ཨར་རྩ་གྲོང་རྡལ་གྱི་ནགས་སྲུང་བ་ཞིག་གི་ཉེན་དོན་སྙན་སེང་འབྱོར་ནས་རི་སྐོར་རྒྱག་སྐབས་གླ་བའི་རོ་འདྲ་པོ་ཞིག་མཐོང་བྱུང་། ཉེན་རྟོག་ཕྱོགས་ནས་བརྟག་དཔྱད་བྱེད་རོགས་ཞེས་ཞུས་པ་རེད།
ཉེན་བརྡ་འབྱོར་རྗེས་མི་དམངས་ཉེན་རྟོག་པས་མྱུལ་ཞིབ་ལས་དོན་རབ་དང་རིམ་པ་སྤེལ་བ་བརྒྱུད། མཐར་ཚེས་14ཉིན་ཉེས་གསོག་དོགས་ཅན་ཕུར་ཆེ་གེ་མོ་དང་། ཚེ་ཆེ་གེ་མོ། བཀྲ་ཆེ་གེ་མོ་བཅས་འཛིན་བཟུང་བྱས་པ་དང་། གླ་བའི་རོ་1དང་། གླ་རྩི་1 དེ་བཞིན་ཉེས་གསོག་ཡོ་བྱད་སྟེ། ཁ་ཞེང་ཆུང་བའི་མེ་མདའ་1དང་། མདེའུ་7 བོད་གྲི་2བཅས་རྩད་ཆོད་པ་རེད།
མིག་སྔར་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།