དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཁང་པའི་ལག་ཁྱེར་དང་ཁང་པ་ཉོས་པའི་གན་རྒྱ་རྫུན་མ་བཟོས་པ།

    ལྷོ་ཁའི་བུད་མེད་གཅིག་གིས་སྒོར་ཁྲི་100ལྷག་ཙམ་ཁ་བསླུས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྒྲིག་འཛུགས་དང་། མྱུལ་ཞིབ། བཀོད་སྒྲིག་བཅས་ཞིབ་ཚགས་བྱས་པས། ཁ་བསླུས་གྱོད་གཞི་5རྩད་ཆོད་པ་དང་ཁ་བསླུས་གྱོད་གཞི་དེ་དག་བཟོ་མཁན་ནི་མེ་ཆེ་གེ་མོ་ཡིན་པ་རེད། དེ་ཡང་2023ལོའི་ཟླ་3ཚེས་29ཉིན་གྱི་ཆུ་ཚོད་16ཙམ་ལ། མང་ཚོགས་ནོར་ཆེ་གེ་མོས་སྣེ་གདོང་ཆུས་སྤྱི་བདེ་ཅུས་ལ་2022ལོའི་ཟླ་11ཚེས་23ཉིན་ངས་མེ་ཆེ་གེ་མོའི་ས་ནས་ཁང་པ་ཉོས་རྗེས། ཁང་པའི་ཐོག་མར་འཇལ་དགོས་པའི་དངུལ་སྒོར་250000སྤྲད་པ་ཡིན། གན་རྒྱ་ལྟར་ན། མེ་ཆེ་གེ་མོས་2023ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་ཁང་པ་རྩིས་སྤྲོད་དགོས་མོད། འོན་ཀྱང་ཁོ་མོས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ཏེ་རྐང་བཙུགས་ནས་ཁང་པ་རྩིས་སྤྲོད་པའི་དུས་ཚོད་ནར་འགྱངས་བྱས་པ་མ་ཟད། འབྲེལ་བ་བྱེད་ཧ་ཅང་ཁག་པོ་འདུག་ཅེས་གྱོད་དོན་སྙན་སེང་ཞུས། དེ་དང་འདྲ་བར་ཟླ་3ཚེས་30ཉིན། སྣེ་གདོང་ཆུས་སྤྱི་བདེ་ཅུས་ལ་མང་ཚོགས་རྒྱལ་ཆེ་གེ་མོས་2022ལོའི་ཟླ་7པའི་ཟླ་འགོར་ངས་མེ་ཆེ་གེ་མོའི་ས་ནས་ཁང་པ་ཉོས་ཏེ། ཁོ་མོར་དངུལ་སྒོར་250000ཐེངས་ལྔ་བྱས་ནས་བསྒྱུར་བ་ཡིན། དེ་རྗེས་ཁོ་མོས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས། ངོ་འཕྲད་མི་བྱེད་པ་མ་ཟད། འབྲེལ་བའང་བྱེད་ཐུབ་ཀྱི་མི་འདུག་ཅེས་གྱོད་དོན་སྙན་སེང་ཞུས། 2023ལོའི་ཟླ་5ཚེས་9ཉིན། བསྟན་ཆེ་གེ་མོས་2021ལོའི་ཟླ་6ཚེས་25ཉིན་ངས་མེ་ཆེ་གེ་མོའི་ས་ནས་ཁང་པ་ཉོ་ཆེད་དངུལ་སྒོར་415800སྤྲད་པ་ཡིན། དེ་རྗེས་ཁོ་མོས་ཡུན་རིང་ཚོང་སྒྱུར་ཁང་པ་རྩིས་མ་སྤྲད་པ་མ་ཟད། སྤྲད་པའི་ཁང་པའི་བདག་དབང་ལག་ཁྱེར་དེའང་འབྲེལ་ཡོད་སྡེ་ཚན་གྱིས་བདེན་དཔང་བྱས་པ་བརྒྱུད་རྫུན་མ་རེད་འདུག་ཅེས་གྱོད་དོན་སྙན་སེང་ཞུས། གྱོད་དོན་སྙན་སེང་འབྱོར་རྗེས། སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཉེན་རྟོག་པ་ཧྲག་སྒྲུག་བརྒྱབ་ནས་མྱུལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། མེ་ཆེ་གེ་མོས་བཙོངས་པའི་ཁང་པའི་བདག་དབང་ལག་ཁྱེར་དང་དེ་བཞིན་ནོར་ཆེ་གེ་མོ་དང་། རྒྱལ་ཆེ་གེ་མོ། བསྟན་ཆེ་གེ་མོ་བཅས་དང་བཞག་པའི་གན་རྒྱ་ཚང་མ་རྫུན་མ་ཡིན་པ་མ་ཟད། ཁོ་མོས་ལག་ཁྱེར་དང་གན་རྒྱ་རྫུན་མ་དེ་དག་ལ་བརྟེན་ནས་གཞན་དངུལ་ཁ་བསླུས་རྒྱག་གི་ཡོད་པ་རེད། མེ་ཆེ་གེ་མོའི་གཞི་རྩའི་ཆ་འཕྲིན་ཤེས་རྟོཌ་བྱུང་རྗེས། སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས་དྲ་ཐོག་ནས་ཁོ་མོ་རྩད་གཅོད་བྱས་པ་རེད། ཟླ་5ཚེས་4ཉིན། མེ་ཆེ་གེ་མོ་ཧའེ་ནན་སྤྱི་བདེ་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་དང་། སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་ཀྱི་མོས་མཐུན་བྱས་པ་བརྒྱུད། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་དུ་མི་སྒྲིག་འཛུཌ་བྱས་ནས་ཧའེ་ནན་དུ་སྦྲེལ་མཐུད་ལས་དོན་སྤེལ་བར་བསྐྱོད་པ་རེད། འདྲི་རྩད་བྱས་པ་བརྒྱུད། མེ་ཆེ་གེ་མོས་གོང་གསལ་གྱི་ཁང་པའི་བདག་དབང་ལག་ཁྱེར་ཚང་མ་དང་ཁང་པ་ཉོས་པའི་གན་རྒྱ་རྫུན་མ་བཟོས་པའི་དོན་དངོས་དང་དེ་ལས་ཁྱོན་སྒོར་ཁྲི་90ལྷག་ཙམ་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་མ་ཟད། གོང་གི་ཐབས་ཤེས་དེ་རང་སྤྱད་ནས་2020ལོར་རུས་མིང་ཀྲང་ཟེར་བའི་སྐྱེས་པ་ཞིག་གི་ས་ནས་སྒོར་ཁྲི་17ཁ་བསླུས་བརྒྱབ་པ་དང་། 2023ལོར་ཁྱུག་དབྱིངས་ནས་སྐྱེས་པ་ཞིག་གི་སྒོར་ཁྲི་1ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་ཀྱང་ངོས་ལེན་ཞུས་པ་རེད། མིག་སྔར་མེ་ཆེ་གེ་མོར་ཁྲིམས་ལྟར་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་དང་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།