དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • འཕྱོངས་རྒྱས་རྫོང་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ལ་ཕོག་པའི་གྱོང་གུན་སྒོར་ཁྲི་1.38ཕྱིར་སློག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ཉེ་ཆར་བསྟན་ཆེ་གེ་མོས་སློབ་ཆུང་ལ་འགྲོ་མཁན་ངའི་ཚ་བོ་2022ལོའི་ཟླ་བ་བརྒྱད་པ་ནས་བཟུང་ཁྱིམ་དུ་དྲ་ཐོག་སློབ་ཚན་འཚོགས་རིང་། ཚ་བོས་ལག་ཐོགས་ཁ་པར་ནས་དྲ་བའི་རོལ་རྩེད་ལས་སྟེགས་ལ་དངུལ་སྒོར་ཁྲི་གཅིག་བླུགས་འདུག ཉེ་ཆར་དངུལ་ཁང་དུ་དངུལ་ལེན་པར་འགྲོ་སྐབས་གཞི་ནས་གནས་ཚུལ་དེ་ཤེས་བྱུང་ཞེས་འཕྱོངས་རྒྱས་རྫོང་མངགས་གཏོང་ཁང་དུ་ཡོང་ནས་དངུལ་དེ་དག་ལེན་རོགས་ཞེས་རེ་བ་ཞུས།

    མི་དམངས་ཉེན་རྟོག་པས་གནས་ཚུལ་གྱི་བྱུང་རིམ་གསལ་པོ་དྲིས་པ་དང་ཆབས་ཅིག་བསྟན་ཆེ་གེ་མོར་སེམས་གསོ་བཏང་བ་མ་ཟད། དྲ་བ་ནས་བླུགས་པ་བདེན་པ་ཡིན་ན། གཞུང་ཕྱོགས་རོལ་རྩེད་ཀྱི་དྲ་བའི་སྟེགས་བུར་ཞུ་ཆོག་པ་དང་གནས་ཚུལ་ངོ་མ་ཡིན་མིན་བརྟག་དཔྱད་བྱས་རྗེས་གཞི་ནས་ཚུར་སློག་གི་རེད་ཅེས་བཤད། དེ་རྗེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རོལ་རྩེད་གཞུང་ཕྱོགས་ལས་སྟེགས་ལ་གནས་ཚུལ་གསལ་པོ་བཤད་པ་མ་ཟད། འབྲེལ་ཡོད་དཔྱད་ཡིག་ཀྱང་སྤྲད་པ་རེད། མི་དམངས་ཉེན་རྟོག་པའི་འབད་བརྩོན་འོག་མཐར་དངུལ་སྒོར་ཁྲི་1.38ཚུར་བླངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།