དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཉེ་དུས་ལྷ་ས་ནས་ཁ་པར་གྱི་ལྷུ་ལག་རྫུན་མ་འཚོང་མཁན་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། “ཁུ་ནུ་2023”ཞེས་པའི་ཆེད་དོན་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ནས། ཤེས་བྱའི་བདག་དབང་ལ་གནོད་པའི་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷ་སའི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་བ་དང་། མང་ཚོགས་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པས། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད།

    ཟླ་5ཚེས་8ཉིན། ཧྲེན་ཀྲེན་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ངོ་ཚབ་ཚད་ཡོད་ཀུང་སི་དང་ཏུང་ཀོན་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ངོ་ཚབ་ཚད་ཡོད་ཀུང་སི་གཉིས་པོས་སྐུ་ཞབས་ཡན་ལགས་མངགས་ནས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་ལྷ་ས་གྲོང་ཁྱེར་གྱི་འཕྲིན་གཏོང་ཚོང་ཁང་ཞིག་ནས་རྫུན་ལྷད་ཞན་གསུམ་གྱི་ཁ་པར་གྱི་ལྷུ་ལག་འབོར་ཆེན་འཚོང་གི་འདུག་ཅེས་སྙན་སེང་ཞུས་པ་རེད།

    ཤེས་བྱའི་བདག་དབང་ལ་བཙན་གནོད་བཏང་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་ཆེད། གནས་ཚུལ་སྙན་སེང་འབྱོར་མ་ཐག་མི་དམངས་ཉེན་རྟོག་པས་འཕྲལ་མར་ཁོང་དང་མཉམ་དུ་འཕྲིན་གཏོང་ཚོང་ཁང་དེར་བསྐྱོད་ནས་འབྲེལ་ཡོད་དཔང་རྟགས་བླངས་པ་དང་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཚོང་ཁང་དེའི་ནང་oppoདང་vivoཡི་ཚོང་རྟགས་བརྒྱབ་པའི་ལག་ཐོགས་ཁ་པར་གྱི་རྒྱབ་ཤ་དང་། གློག་རྫས། གློག་གསོག་ཆས་བཅས་འབོར་ཆེན་ཡོད་པ་དང་། དེ་དག་ཚང་མ་ཐོ་འགོད་ཚོང་རྟགས་རྫུན་མ་བཟོས་པ་ཤ་སྟག་ཡིན་པ་ཤེས།

    བརྟག་དཔྱད་བྱེད་རིང་། མི་དམངས་ཉེན་རྟོག་པས་ས་ཡུལ་དངོས་སུ་གློག་གསོག་ཆས་གང་རུང་ཞིག་ལ་ཚོད་ལྟ་བྱས་པར་ཁག་གཅིག་བེད་སྤྱོད་བྱས་མ་ཐག་ཚིག་འགྲོ་བ་མ་ཟད་གློག་སྒོ་ཡང་ཟག་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་ཉེ་འཁོར་གྱི་ཚོང་དུད་དང་འཛད་སྤྱོད་པར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་ནས་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་གི་སྐྱོན་ཆ་དང་དེ་བཞིན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་གནོད་འཚེའི་རང་བཞིན་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

    བརྟག་དཔྱད་བྱེད་རིང་། ལྷ་ས་གྲོང་ཁྱེར་གྱི་འཕྲིན་གཏོང་ཚད་ཡོད་ཀུང་སི་ཞིག་གི་ལས་བཟོ་ཚོང་ཁང་དེར་ཁ་པར་གྱི་ལྷུ་ལག་བརྗེ་བར་ཡོང་དུས། མི་དམངས་ཉེན་རྟོག་པས་ཀུང་སི་དེར་ཞིབ་བཤེར་བྱས། ཞིབ་བཤེར་བྱས་པ་བརྒྱུད། འཕྲིན་གཏོང་ཚད་ཡོད་འགན་འཁྲི་ཀུང་སི་དེས་ཀྱང་oppoདང་vivoཡི་ཚོང་རྟགས་བཀོད་པའི་ཁ་པར་གྱི་ལྷུ་ལག་རྫུན་མ་མང་པོ་ཉར་ཚགས་བྱས་ཡོད་པ་དང་། དཔང་རྟགས་ཁུངས་བཙན་ཡོང་ཆེད། མི་དམངས་ཉེན་རྟོག་པས་འཕྲལ་མར་ཁ་པར་གྱི་ལྷུ་ལག་རྫུན་མ་བཙན་ཉར་བྱས་པ་མ་ཟད། འབྲེལ་ཡོད་གྱོད་འབྲེལ་མི་སྣར་ཡང་ཞིབ་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། གྱོད་འབྲེལ་ཉེས་གསོག་དོགས་ཅན་དབྱང་ཆེ་གེ་མོ་དང་ཀུང་ཆེ་གེ་མོ་གཉིས་ཀྱིས་ཐོ་འགོད་ཚོང་རྟགས་རྫུན་མ་བཟོས་པའི་ཚོང་ཟོག་ཕྱིར་ཚོང་གི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད། མིག་སྔར། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།