དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས།

    “5·15”དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

    “5·15”དྲིལ་བསྒྲགས་བྱེད་སྒོར་སྤྱི་བདེ་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་ཀྱི་ནང་དོན་འགྲེལ་བཤད་རྒྱག་བཞིན་པ།

    “5·15”དྲིལ་བསྒྲགས་བྱེད་སྒོར་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་མང་ཚོགས་ལ་བཅའ་ཁྲིམས་བློ་འདྲིའི་ཞབས་འདེགས་ཞུ་བཞིན་པ།

    ་དྲིལ་བསྒྲགས་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་ཅིང་། མང་ཚོགས་ཀྱིས“5·15”དྲིལ་བསྒྲགས་བྱེད་སྒོར་ཧུར་ཐག་ཞུགས་བཞིན་པ།

     ཟླ་5ཚེས་15ཉིན། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་སོགས་འབྲེལ་ཡོད་ཁོངས་མིའི་ཚན་པ་དང་མཉམ་དུ། ཀྲོའུ་ཅི་གསོལ་མགྲོན་ཁང་གི་ཐང་ཆེན་དུ་2023ལོའི“5·15”བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་ནི་ད་རེས་ཀྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཨ་མ་ཡིན་པ་དང་། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་དེ་གའི་ཐང་ཆེན་དང་ཚོང་ལས་ཁུལ་སོགས་ཡན་ལག་ཏུ་བྱས་ནས་གཅིག་སྡུད་དྲིལ་བསྒྲགས་བྱས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།

    གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་དཔྱད་ཡིག་དང་དངོས་ཟོག་སྤྲོད་པ་དང་། རྒྱུན་མཐོང་གི་དཔལ་འབྱོར་ཉེས་གསོག་སྣ་ཚོགས་གསལ་འགྲེལ་བྱེད་པ། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་དབྱེ་འབྱེད་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་པ། ཁ་བསླུས་འགོག་ཟོན་གྱི་ཉམས་མྱོང་དང་རྫུན་མར་རྡུང་རྡེག་བཏང་བའི་ཉམས་མྱོང་སློབ་ཁྲིད་བྱེད་པ། མང་ཚོགས་ཀྱི་དོགས་གནད་སེལ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒན་གསོའི་ཁ་བསླུས་དང་། གན་རྒྱའི་ཁ་བསླུས། ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་བྱེད་པ། བརྒྱུད་འཚོང་བྱེད་སྤྱོད་སོགས་ཀྱི་ནང་དོན་གཅིག་སྡུད་དྲིལ་བསྒྲགས་བྱས་པ་དང་འབྲེལ། དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་གཞི་དང་། ཨ་ཅོར། སྦི་ཅི་ལི་སོགས་དྲིལ་བསྒྲགས་དངོས་རྫས་སྤྲད་པ་རེད།

    བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་ཁྲི་14ལྷག་ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས་ཁྲི་6ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ། མང་ཚོགས་མི་ཐེངས་ཁྲི་9ལྷག་ཙམ་ལ་སློབ་གསོ་ཐེབས་ཤིང་། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ལྷ་ས་གྲོང་ཁྱེར་གྱིས་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་ཁྲི་5ལྷག་ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས་5000ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ། མང་ཚོགས་ཁྲི་2.5ལྷག་ཙམ་ལ་སློབ་གསོ་ཐེབས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ལས། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་དཔལ་འབྱོར་ཉེས་གསོག་སྣ་ཚོགས་ཀྱི་རྡུང་རྡེག་དང་འགོག་ཟོན་ནང་ཞུགས་པའི་ཧུར་སེམས་སྔར་བས་སྐུལ་སློང་ཐུབ་པ་དང་། སྤྱི་དམངས་ལ་སློབ་གསོ་རྒྱག་པ་དང་། གཟུཌ་བརྙན་གཏོད་པ། ཉེན་ཁ་འགོག་ཟོན་བྱེད་པ། ཉེས་གསོག་ཟིལ་གྱིས་གནོན་པ་བཅས་ཀྱི་དམིགས་ཚད་དུ་སླེབས་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་ཉེས་གསོག་དབྱེ་འབྱེད་དང་དེའི་གནོད་འཚེ་མི་ཕོག་པར་བྱེད་པའི་འཇོན་ཐང་ཆེ་རུ་ཕྱིན་ནས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོའི་སྤྱི་ཚོགས་ཀྱི་ཕན་འབྲས་དང་། བཅའ་ཁྲིམས་ཀྱི་ཕན་འབྲས། གླེང་ཕྱོགས་ཀྱི་ཕན་འབྲས་བཅས་ཡག་པོ་ཐོན་ཡོད།

    ཤེས་རྟོཌ་བྱུང་བར་གཞིགས་ན། འདི་ལོའི“5·15”དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་གཅིག་སྡུད་དྲིལ་བསྒྲགས་ཉིན་མོ་ནི་སྤྱི་བདེ་པུས་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ཐེངས་བཅུ་བཞི་པ་དེ་ཡིན་ཞིང་།“དམངས་དང་སེམས་པ་གཅིག་མཐུན་གྱིས་ཁྱེད་ལ་སྲུང་སྐྱོང་བྱེད”ཅེས་པ་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་བྱས་པ་དང་། གཅིག་སྡུད་དྲིལ་བསྒྲགས་དང་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། དྲ་ཐོག་དང་དྲ་ཕྱི་གཉིས་ནས་དུས་གཅིག་ཏུ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།