དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་སྤྱི་བདེ་ལས་ཁུངས་ཀྱིས།

    དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་དང་། དངུལ་ཁང་། དེ་བཞིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རིགས་ཁག་གི་ཉེན་རྟོག་བཅས་སྒྲིག་འཛུགས་བྱས་ནས་ཞ་མོན་ཐང་ཆེན་དུ། “5·15”རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་མི་དམངས་ཉེན་རྟོག་པས་ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་བྱས་རིགས་དང་། མུ་འབྲེལ་གན་རྒྱའི་ཁ་བསླུས། དཔྱ་ཁྲལ་དང་འབྲེལ་བའི་ཉེས་གསོག་སོགས་ཐོན་མང་བའི་དཔལ་འབྱོར་ཉེས་གསོག་དང་དེ་བཞིན་དངུལ་ལོར་རྫུན་མ་དང་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་སོགས་དམངས་འཚོའི་རིགས་དང་འབྲེལ་བའི་དཔལ་འབྱོར་ཉེས་གསོག་ལ་གཙོ་གནད་དུ་དམིགས་ཏེ་རྒྱུན་མཐོང་གི་ཉེས་གསོག་བྱ་ཐབས་ཐེར་འདོན་དང་། ཉེན་ཁ་དང་གནོད་འཚེ་དྲན་སྐུལ། དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་དམངས་འཚོར་ཞབས་འདེགས་ཞུ་བའི་སྤྱི་བདེ་ལས་ཁུངས་ཀྱི་ཆོད་སེམས་བརྟན་པོ་དང་འབུར་དུ་ཐོན་པའི་གྲུབ་འབྲས་མངོན་པ་བཅས་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གིས་དཔལ་འབྱོར་ཉེས་གསོག་ལ་རྡུག་རྡེག་དང་འགོག་ཟོན་གྱི་ལས་དོན་ལ་མཉམ་དུ་ཞུགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་བློ་འདྲིའི་ས་ཚིགས་18བཙུགས་པ་དང་དྲིལ་བསྒྲགས་དཔྱད་ཡིག་དང་དེ་བཞིན་དྲིལ་བསྒྲགས་དངོས་རྫས་3000ལྷག་ཙམ་སྤྲད་ཅིང་། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། དཔལ་འབྱོར་ཉེས་གསོག་ལ་འགོག་ཟོན་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་མ་ཟད། དངུལ་རྩའི་བྱང་ཚད་མཐོ་རུ་དང་རྫུན་རྟོགས་གཡོ་འགོག་གི་འཇོན་ཐང་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།