དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས།

    ཁ་བསླུས་འགོག་རྒོལ་གྱི་དྲིལ་བསྒྲགས་དང་བླངས་རུ་ཁག་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ཁ་བསླུས་འགོག་རྒོལ་གྱི་དྲིལ་བསྒྲགས་ལས་དོན་གྱི་ཕན་འབྲས་སྔར་བས་ཆེ་རུ་བཏང་སྟེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཐོན་ཚད་འབྱུང་རྩ་ནས་ཉུང་དུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས་ཁ་བསླུས་འགོག་རྒོལ་གྱི་འདུ་ཤེས་ཟབ་ཅིང་ཁ་བསླུས་དབྱེ་འབྱེད་ཀྱི་འཇོན་ཐང་ཡོད་པའི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་སྒྲིག་འཛུགས་བྱས་ནས། ཁ་བསླུས་འགོག་རྒོལ་གྱི་དྲིལ་བསྒྲགས་དང་བླངས་རུ་ཁག་བཙུགས་པ་མ་ཟད། དང་བླངས་རུ་ཁག་གི་རུ་མིར་གཅིག་སྡུད་གསོ་སྦྱོང་བྱས་ཏེ་ཁ་བསླུས་འགོག་རྒོལ་གྱི་དྲིལ་བསྒྲགས་ལས་དོན་གྱི་རུ་མིའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། དང་བླངས་རུ་མིའི་ལས་དོན་ལ་དངོས་ཕན་འཐོབ་པའི་འགན་ལེན་བྱས་པ་རེད།

    དྲིལ་བསྒྲགས་བྱེད་རིང་། དང་བླངས་རུ་ཁག་གི་རུ་མིས་མང་ཚོགས་ལ་རྒྱུན་མཐོང་གི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་ཐབས་དང་དབྱེ་འབྱེད་བྱ་ཐབས་འགྲེལ་བཤད་བརྒྱབ་པ་མ་ཟད། མང་ཚོགས་ལ་རང་འགུལ་ངང་རང་ཉིད་ཀྱི་གཉེན་ཉེ་དང་གྲོགས་པོར་ཁ་བསླུས་འགོག་རྒོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱེད་དགོས་པའི་ལྕག་སྐུལ་བྱས་ཤིང་། མང་ཚོགས་ལ་རྒྱལ་ཁབ་ཀྱི་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་APPཕབ་ལེན་བྱེད་སྟངས་དང་སྤྱོད་སྟངས་བསླབས་པ་དང་། ཡོང་ཁུངས་མི་གསལ་བའི་ལག་ཐོགས་ཁ་པར་གྱི་APPགང་བྱུང་དུ་ཕབ་ལེན་བྱེད་རྒྱུ་མེད་པ་དང་། “骚扰”ཞེས་པའི་རྒྱ་ཡིག་དོན་པའི་ཁ་པར་གང་བྱུང་ལེན་རྒྱུ་མེད་པ། དུས་རྟག་ཏུ་དོགས་ཟོན་ཆེར་སྐྱེད་དང་རང་སྲུང་གི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་བཏང་སྟེ། ཁ་བསླུས་རྒྱག་མཁན་ལ་གོ་སྐབས་ཏིལ་འབྲུ་ཙམ་ཡང་སྤྲོད་རྒྱུ་མེད་པའི་དྲན་སྐུལ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱི་ཁ་བསླུས་འགོག་རྒོལ་གྱི་དྲིལ་བསྒྲཌ་དང་བླངས་རུ་ཁག་16དང་རུ་མི་59ཡིས་ཁ་བསླུས་འགོག་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་56སྤེལ་བ་དང་མང་ཚོགས་མི་ཐེངས་5300ལྷག་ཙམ་ལ་དྲིལ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།