དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཡུལ་སྐོར་བ་དང་མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་བའི་མི་དམངས་ཉེན་རྟོག་པ་ཁག་གཅིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

    འདི་ལོའི་ཟླ་གསུམ་པར་ཅང་སུའུ་ཁྲང་ཀྲོའུ་ནས་ཡིན་པའི་ཧྲི་ལེང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་སྐབས། ཡུལ་སྐོར་ལས་དོན་ཁང་གི་ཁ་ལོ་བ་དང་རྩོད་གཞི་ཐོན་ནས་དིང་རི་མཐའ་མཚམས་དོ་དམ་རུ་ཆེན་བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་ལ་རོགས་རམ་བྱེད་རྒྱུའི་རེ་བ་ཞུས། ཉེན་བརྡ་འབྱོར་རྗེས་མི་དམངས་ཉེན་རྟོག་པ་ཝང་ཝུའེ་ཐའོ་ཡིས་འཕྲལ་དུ་རུ་སྣེ་ཁྲིད་ནས་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པར་བསྐྱོད།

    འདུམ་འགྲིག་བྱེད་རིང་། ཝང་ཝུའེ་ཐའོ་ཡིས་ཕྱོགས་གཅིག་ནས་ཡུལ་སྐོར་བར་སེམས་གསོ་གཏོང་བ་དང་ཕྱོགས་གཞན་ཞིག་ནས་ཕྱོགས་གཉིས་པོར་དོན་དངོས་དྲངས་པ་དང་གནས་ལུགས་རྒྱུ་མཚན་བཤད་དེ་ཆེད་ལས་ཀྱི་བཅའ་ཁྲིམས་ཤེས་བྱ་སྤྱད་ནས་འགན་འཁུར་རྣམ་འགྱུར་ཐོག་ནས་ཁྲིམས་འཛིན་འདུམ་འགྲིག་བྱས་པས་མཐར་ཕྱོགས་གཉིས་པོ་མཐུན་འགྲིག་བྱུང་བ་རེད། ཧྲི་ལེང་སོགས་མགྲོན་ཁང་དུ་འབྱོར་རྗེས་ཝང་ཝུའེ་ཐའོ་ཡི་ཁ་པར་འབྱོར་ནས་བདེ་འཇགས་ངང་འབྱོར་མིན་སྐད་ཆ་དྲིས་པས། ཧྲི་ལེང་གི་སེམས་ལ་དྲོ་སྐྱིད་ཆེན་པོ་ཚོར་བ་རེད།

    ཟླ་4ཚེས་6ཉིན་གྱི་ཆུ་ཚོད་12ཙམ་ལ་བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་ལ་རེ་ཞུའི་ཁ་པར་འབྱོར་ཏེ། རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ཡུལ་སྐོར་བ་ཞིག་གིས་རང་ཉིད་ཇོ་མོ་གླང་མར་ཡུལ་སྐོར་བྱེད་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་རིན་ཐང་སྒོར་7000ལྷག་ཙམ་ཟིན་པའི་ལག་ཐོགས་ཁ་པར་རླངས་འཁོར་ནང་ལུས་འདུག དེའི་ནང་ཆ་འཕྲིན་གལ་ཆེན་ཡོད་པས་འཚོལ་རོགས་ཞེས་བརྗོད་པ་རེད།

    ཉེན་བརྡ་འབྱོར་རྗེས། མི་དམངས་ཉེན་རྟོག་པས་ཇོ་མོ་གླང་མའི་ཡུལ་སྐོར་རླངས་འཁོར་ལྟེ་གནས་ཀྱི་གློག་མིག་དང་ལམ་མདོ་ཁག་གི་ཞིབ་བཤེར་བྱེད་སའི་གློག་མིག་གི་བརྙན་ལམ་རེ་རེ་བཞིན་གྲལ་བཤེར་དང་དབྱེ་ཞིབ་བྱས་རྗེས། མཐར་རླངས་འཁོར་ནང་མཉམ་དུ་སྡོད་མཁན་ཡུལ་སྐོར་བར་ལག་ཐོགས་ཁ་པར་དེ་རྙེད་པ་གཏན་འཁེལ་བྱས་པ་དང་དུས་མཚུངས། ཡུལ་སྐོར་བ་དེའི་འགྲུལ་བཞུད་ཤེས་རྟོགས་ཐུབ་ནས་ལག་ཐོགས་ཁ་པར་ཚུར་ལེན་ཐུབ་པ་རེད། རྒྱལ་ཁོངས་ཕྱིའི་ཡུལ་སྐོར་བ་དེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་དེ་བཞིན་ཁྱིམ་མཚེས་ཚན་པའི་མི་དམངས་ཉེན་རྟོག་པའི་ལས་ཕྱོད་ཆེ་བ་དང་ཆེད་ལས་ཀྱི་ལས་དོན་སྒྲུབ་སྟངས་ལ་བསྔགས་བརྗོད་ཆེན་པོ་བྱས་པ་དང་འབྲེལ་ཐུགས་རྗེ་ཆེའང་ཞུས་པ་རེད།

    དོ་དམ་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཆེད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཞིབ་ཅིང་ཕྲ་བའི་ལས་དོན་སྤེལ་བ་དང་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་དོ་དམ་བྱེད་སྟངས་བསྒྱུར་ནས་ཡུལ་སྐོར་བ་དང་མང་ཚོགས་ལ་ཕྱོགས་ཡོངས་དང་ཞིབ་ཅིང་ཕྲ་བའི་ཞབས་འདེཌ་ཧུར་ཐག་ཞུས་པ་རེད། མང་ཚོགས་ཕར་འགྲོ་ཚུར་འོང་བྱེད་མི་དགོས་པའི་ཆེད། ཁོང་ཚོས་སྒོ་རྩར་ལག་ཁྱེར་གཉེར་བ་དང་། ལག་ཁྱེར་སྒོ་རྩར་སྐྱེལ་བ། ལག་ཁྱེར་གཉེར་རྒྱུ་སྔོན་མངགས་སོགས་ཀྱི་ཞབས་འདེཌ་ཞུ་སྟངས་ཁྱབ་གདལ་བཏང་ཡོད། རོགས་རམ་རེ་ཞུའི་ཁ་པར་ཨང་གྲངས་རང་འགུལ་ངང་ཡོངས་བསྒྲཌ་བྱས་ནས་ཡུལ་སྐོར་བར་འཕྲད་པའི་ཡུལ་སྐོར་འཛད་སྤྱོད་ཀྱི་མགོ་སྐོར་དང་། མགོ་སྐོར་གཏོང་མཁན་སྣེ་ཤན་པ། དངོས་ཟོག་བོར་བརླག་སོང་བ། གཉེན་ཉེ་དང་ཁ་ཐོར་བ་སོགས་ཀྱི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་ཡོད།

    བཀྲ་ཤིས་འཛོམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་ལས་ཀ་ནི་ཡུལ་སྐོར་བ་དང་མང་ཚོགས་ལ་དགོས་མཁོ་ཡོད་པའི་བྱ་བ་ཆེ་ཆུང་ཤ་སྟག་ཡིན་ཞིང་། ལས་ཀ་ཡག་པོ་བསྒྲུབས་ཚེ་འགན་འཁྲིར་བརྩི་བ་དང་། ལས་ཀ་ཡག་པོ་སྒྲུབ་མ་ཐུབ་ཚེ་ལས་འཛོལ་ལ་བརྩི་ཡི་ཡོད། ཐོག་མཐའ་བར་གསུམ་དུ་སེམས་ལ་མང་ཚོགས་དང་འགན་འཁྲི་བཅངས་པར་བརྟེན། རྣམ་ཀུན་དམངས་ལ་བྱ་བ་དངོས་རེ་རེ་སྒྲུབ་པའི་ཁྲོད་ཁོང་ཚོར་བསྔགས་བརྗོད་ཐོབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།