དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷོ་ཁ་གྲོང་ཁྱེར་གྱི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་གཞི་ཐག་གཅོད་རོགས་སྐྱོབ་ལྟེ་གནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་ན་སོ་དར་ལ་མ་བབས་པའི་མིའི“གཅིག་འཐུས་རྣམ་པའི”གྱོད་གཞི་ཐག་གཅོད་རོགས་སྐྱོབ་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་རེད། དེ་ལས་ལྷོ་ཁ་གྲོང་ཁྱེར་གྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལས་དོན་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

    གྱོད་གཞི་ཐག་གཅོད་རོགས་སྐྱོབ་ལྟེ་གནས་བཙུགས་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི“ཞིབ་དཔྱོད་གྲོས་འགོ་ཨང་དང་པོ”དོན་འཁྱོལ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་རྒྱབ་སྐྱོར་མ་ལག་བསྐྲུན་པར་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ལ། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་ལས་དོན་དང་། ལྷག་པར་དུ་གནོད་འཚེ་ཕོག་པའི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་ལས་དོན་རིམ་བཞིན་ཚན་རིག་ཅན་དང་ཚད་ལྡན་ཅན་ལ་ཕྱོགས་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། དེའི་དམིགས་ཡུལ་ནི་ན་སོ་དར་ལ་མ་བབས་པའི་མིའི་གསང་དོན་དབང་ཆ་འགན་སྲུང་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དེ་བས་ཚན་རིག་དང་མཐུན་པ་དང་དེ་བས་མི་གཤིས་དང་མཐུན་པའི་བྱ་ཐབས་སྤྱད་དེ་ཁྲིམས་འཛིན་ལས་ཁུངས་ཀྱིས“གཅིག་འཐུས་རྣམ་པའི”དཔང་རྟགས་བླངས་ནས། གནོད་འཚེ་ཕོག་པའི་ན་སོ་དར་ལ་མ་བབས་པའི་མིར་འདྲི་རྩད་ཡང་སེ་བྱས་པ་ལས“གནོད་འཚེ་ཐེངས་གཉིས་པ”མི་ཕོག་པ་བྱེད་པ་དང་དུས་མཚུངས། དེ་བས་ཆེད་ལས་ཀྱི་བྱ་ཐབས་སྤྱད་ནས་གནོད་འཚེ་ཕོག་པའི་ན་སོ་དར་ལ་མ་བབས་པའི་མི་སེམས་ཁམས་ཀྱི་གནོད་འཚེ་ལས་གང་མགྱོགས་ཐར་བར་རོགས་རམ་བྱས་ནས་རྒྱུན་གཏན་གྱི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་དེ་རེད།

    ད་དུང་ལས་དོན་ཁང་གིས་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སེམས་ཁམས་བློ་འདྲི་ཁང་དང་། བསམ་ཚུལ་ཤོད་ས། གཅིག་འཐུས་རྣམ་པའི་གྱོད་གཞི་ཐག་གཅོད་རོགས་སྐྱོབ་ལྟེ་གནས། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོའི་ཁྱམས་རིང་། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི་སོགས་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།