དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ཀྱི་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྟག་མོ་མཐའ་མཚམས་མངགས་གཏོང་ཁང་གིས།

    རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་བྱ་གླག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

     ཉེ་ཆར། བོད་ཀྱི་ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྟག་མོ་མཐའ་མཚམས་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་སྙན་སེང་འབྱོར་ནས་རྒྱལ་ལམ་559ཡི་102kཡི་ཉེ་འགྲམ་ནས་རྐང་པར་རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་ཤིག་རྙེད་བྱུང་ཞེས་བརྗོད་པ་རེད།

    སྙན་སེང་འབྱོར་རྗེས། སྟག་མོ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་ནས་སྲོག་ཆགས་དེ་ཤང་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་མ་ཟད། འཕྲལ་མར་མེ་ཏོག་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ལ་འབྲེལ་བ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྲོག་ཆགས་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་བྱ་གླག་ཡིན་པ་དང་། དེ་ནི་བྱ་རྒོད་རིགས་ཚན་གྱི་བྱ་གླག་ཁོངས་སུ་གཏོགས་པའི་འདབ་ཆགས་གཏུམ་པོ་ཞིག་རེད། དེའི་ལོ་ན་དང་གཟུགས་སྟོབས་ཆེ་ཆུང་དབང་གིས་སྤུ་མདོག་ལ་ཁྱད་པར་ཆེན་པོ་ཡོད་པ་སྟེ། སྤུ་མདོག་སྨུག་སྐྱ་དང་། ཁམ་མདོག ཁམ་སྨུག སྐྱ་སྨུག སྨུག་ནག་སོགས་ཀྱི་ཚོས་གཞི་སྣ་ཚོགས་ཡོད་པ་དང་། གཙོ་བོ་ཡངས་ཤིང་རྒྱ་ཆེ་བའི་ཐང་གཤོང་དང་། རྩྭ་ཐང་། བྱེ་ཐང་། རི་མ་ཐང་བཅས་ལ་འཚོ་གནས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།