ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཆེན་གྱིས་མེ་ཟོན་བཀོད་འཐབ་པ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ཤིང་འཛུགས་དཔེ་སྟོན་ནགས་ཁུལ་དུ་བསྐྱོད་དེ། ལྗོན་ཤིང་ལ་ཆུ་བཏང་ནས་སྡོང་ཕྲུག་སྐྱོན་བྲལ་ངང་སྐྱེ་འཚར་དང་སྔོ་འགྱུར་གྲུབ་འབྲས་སྲ་བརྟན་ཡོང་བར་འགན་ལེན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དཔྱིད་དུས་སུ་རུ་ཆེན་དེས་རང་སྐྱོང་ལྗོངས་ཀྱི“སྤུས་ཚད་མཐོ་རུ་གཏོང་བ་དང་སྔོ་ལྗང་ཁེབས་རྒྱ་ཆེ་རུ་གཏོང་བའི་བྱ་སྤྱོད”ཀྱི་ཚོགས་འདུའི་དགོངས་དོན་དང་ལེན་ཧུར་ཐག་བྱས་ཏེ་སྡོང་ཕྲུག་3000ལྷག་ཙམ་བཙུགས་ནས་སྔོ་ལྗང་ཅན་གྱི་ལྷ་ས་འཛུགས་སྐྲུན་ལ་ལེགས་སྐྱེས་ཕུལ་བ་རེད།