ཉེ་ཆར། བོད་སྡོད་དཔུང་སྡེ་ཞིག་གིས་འགན་འཁྲི་དང་ལས་འགན་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་བདེ་འཇགས་སློབ་གསོའི་སློབ་ཁྲིད་དང་། ཁྲིམས་སྲོལ་ལམ་ལུགས་སློབ་སྦྱོང་། དྲིལ་བསྒྲགས་འགྲེམས་པང་བཟོ་བ་སོགས་ཀྱི་བྱ་ཐབས་བརྒྱུད། དཔོན་དམག་ཚོར་རྒྱལ་ཁབ་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱས་ནས་དཔོན་དམག་ཚོའི་མཐའ་ཚད་ཀྱི་བསམ་གཞིག་དང་སེམས་ཁྲལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་རེད།
ཕྱོགས་ཡོངས་ནས་སློབ་སྦྱོང་སློབ་གསོ་སྤེལ་བ་བརྒྱུད་དཔོན་དམག་ཚོས་དྲ་རྒྱའི་བདེ་འཇགས་དང་རྒྱལ་ཁབ་ས་ཆའི་བདེ་འཇགས་སོགས་རྒྱལ་ཁབ་བདེ་འཇགས་ཀྱི་ཤེས་བྱ་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་བྱང་ཚད་མཐོ་རུ་ཕྱིན་ཡོད། ཚང་མས་རང་རྟོགས་ངང་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་དམག་སྦྱོང་དང་དམག་གྲབས་ལ་ཧུར་ཐག་ཞུགས་ནས་ནང་སེམས་ལ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།