པར་དང་པོ་ནི་སློབ་མ་ཚོས་དམག་སྒར་ནང་གི་ཆབ་སྲིད་རིག་གནས་འཛུགས་སྐྱོང་འགྲེམས་པང་ལ་ལྟ་བཞིན་པ།
པར་གཉིས་པ་ནི་འགྲེལ་བཤད་པས་སློབ་མ་ཚོར་འགྲེམས་པང་གི་ནང་དོན་འགྲེལ་བཤད་རྒྱག་བཞིན་པ།
པར་གསུམ་པ་ནི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་སློབ་མ་ཚོ་ཁྲིད་དེ་སྒར་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དཔུང་སྡེ་ཞིག་གིས“དམག་སྒར་དུ་རྒྱལ་སྲུང་སློབ་གསོ་སྤེལ”ཞེས་པའི་བརྗོད་དོན་གཙོ་བོའི་དམག་སྒར་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། བཅའ་སྡོད་བྱ་ཡུལ་གྱི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་དགེ་སློབ་བརྒྱ་ལྷག་ཙམ་དམག་སྒར་དུ་དཔུང་སྡེའི་འཚོ་བ་ཉམས་ལེན་དང་དམག་མིའི་ཉམས་འགྱུར་མྱོང་རོལ་བྱེད་པར་གདན་དྲངས་པ་རེད།