དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མལ་གྲོ་གུང་དཀར་རྫོང་གིས་གནོད་འཚེའི་གནས་ཚུལ་མྱུར་བརྡ་གཏོང་མཁན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

    གསོ་སྦྱོང་བྱ་ཡུལ་ཡིན་པ།

    གསོ་སྦྱོང་བྱ་ཡུལ་ཡིན་པ།

    ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་2023ལོའི་ཤང་དང་གྲོང་རྡལ་ཁག་དང་དེ་བཞིན་ཁེ་ལས་ཀྱི་ཆེད་བསྐོས་མེ་ཟོན་རུ་མི་གཅིག་སྡུད་སྐུལ་སློང་བཀོད་སྒྲིག་དང་གནོད་འཚེའི་གནས་ཚུལ་མྱུར་བརྡ་གཏོང་མཁན་གསོ་སྦྱོང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་མེ་ཟོན་རུ་ཆེན་གྱིས་སྲིད་གཞུང་དང་དེ་བཞིན་ཁེ་ལས་ཀྱི་ཆེད་བསྐོས་མེ་ཟོན་རུ་མི་38ལ་དུས་ཡུན་ཉིན་15ཡི་ལས་སྒོའི་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་ནང་མེ་སྐྱོན་ཐོན་སྐབས་ཀྱི་རྒྱུན་ཤེས་དང་། མེ་གསོད་ཡོ་ཆས་སྤྱོད་སྟངས། གྱོན་ཆས། མཁའ་རླུང་རྔུབ་ཆས་བེད་སྤྱོད་སོགས་ཀྱི་ལས་སྒོའི་ཤེས་བྱ་ཚུད་ཡོད་པ་རེད། གསོ་སྦྱོང་གི་དམིགས་ཡུལ་ནི་ཆེད་ལས་ཅན་དང་ལས་རིགས་ཅན་གྱི་སྦྱོང་བརྡར་མ་ལག་མགྱོགས་མྱུར་བསྐྲུན་ཏེ། རྫོང་ཡོངས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་ཆེད་བསྐོས་མེ་ཟོན་རུ་ཁག་གི་མེ་གསོད་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་དངོས་འཐབ་ནུས་པ་ཆེ་རུ་གཏོང་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།