ལང་ཚོ་སྐྱེས་སུ་ཕུལ་ནས་བདེ་འཇགས་བརྟན་སྲུང་བྱེད།
འདི་ནི་སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས“རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་མཁན་དཔའ་བོ་21”གི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་བྱེད་བཞིན་པ།
འདི་ནི་སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་ཞིབ་བཤེར་མི་སྣས་མཐའ་མཚམས་ཞིབ་བཤེར་ལས་སྒོའི་གསོ་སྦྱོང་བྱེད་བཞིན་པ།
ཉེ་བའི་ལོ་ཤས་རིང་སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཐོག་མཐའ་བར་གསུམ་དུ་འགག་སྒོའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྟེ་བའི་ལས་འགན་ལ་བརྩིས་ནས། འགག་སྒོའི་མཐའ་མཚམས་ཀྱི་མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། ཕྱོགས་མང་དང་ཕྱོགས་བསྡུས་ཅན་གྱི་སྔོན་འགོག་དང་ཚོད་འཛིན་མ་ལག་བསྐྲུན་པས། མི་དམངས་ཉེན་རྟོག་པའི་ཕྱོཌ་བསྡུས་ལས་སྒོའི་འཇོན་ཐང་ཆེ་རུ་ཕྱིན་པ་དང་དུས་མཚུངས་མཐའ་མཚམས་ཞིབ་བཤེར་ཞབས་ཞུའི་དོ་དམ་ནུས་པའང་ཆེ་རུ་ཕྱིན་ཡོད། ས་ཚིགས་དེས་རྒྱུན་རྣམ་ཅན་གྱི་སྒོ་ནས་ནང་སྦྱོང་དང་། སྐོར་གཡེང་ཞིབ་བཤེར། འཕྲལ་སྡོམ་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་སྤེལ་ནས་མཐའ་མཚམས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་འགག་སྒོའི་མཐའ་མཚམས་བདེ་འཇགས་ཀྱི་དུས་བབ་མུ་མཐུད་ཡག་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།