དབུ་ཤོག>ཁྲིམས་ལུགས།
  • བཟའ་བཅའ་འཕྲོ་བརླག་ཏུ་གཏོང་མཁན་ལ་དངུལ་ཆད་ཀྱི་འཛིན་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-16

    f17b9600-8d80-4f7d-bba3-e622486a47eb.jpg.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཟ་ཁང་ཁག་ཏུ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་བཟའ་བཏུང་ཁེ་ལས་ཤིག་གིས《བཟའ་བཅའ་འཕྲོ་བརླག་བཀག་འགོག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བར་བརྟེན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཐ་ཚིག་སྒྲོག་པའི་སྲིད་འཛིན་ཆད་པ་བཅད་ཅིང་། དེ་ནི་2021ལོར《བཟའ་བཅའ་འཕྲོ་བརླག་བཀག་འགོག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་ཚུན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའ་འཕྲོ་བརླག་ཏུ་གཏོང་བའི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་ཐེངས་དང་པོ་ཡིན་ལ། གྲོང་ཁྱེར་ཡོངས་སུ“བཟའ་བཅའ་འཕྲོ་བརླག་ཏུ་གཏོང་མཁན་ལ་བཀག་འགོག་བྱེད་པའི”དངུལ་ཆད་ཀྱི་འཛིན་སྤྲོད་ཐེངས་ཐོག་མའང་རེད།

    ཟླ་4ཚེས་17ཉིན། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཁ་ལག་གི་དུས་ཚོད་ཟིན་པའི་མཚམས་སུ་བཟའ་བཏུང་གཅིག་སྡུད་ཁུལ་གྱི་ཐེན་ཧའེ་ལམ་དང་གཙང་འགྲམ་ལམ་སོགས་ཀྱི་ཟ་ཁང་ཁག་གི་མངོན་གསལ་དོད་སར་བཟའ་བཅའ་འཕྲོ་བརླག་བཀག་འགོག་བྱེད་པའི་མཚོན་རྟགས་སྦྱར་ཡོད་མེད་དང་། ཞབས་ཞུ་བས་འཛད་སྤྱོད་པར་བདམས་ཟིན་པའི་ཚལ་གྱི་ཁ་གྲངས་ཏག་ཏག་ཡིན་མིན་གསལ་བཤད་བྱེད་མིན་སོགས་ལ་ཞིབ་བཤེར་བྱེད་སྐབས། ཟ་ཁང་གཉིས་ཀྱིས་བཟའ་བཅའ་འཕྲོ་བརླག་བཀག་འགོག་བྱེད་པའི་གསོ་སྦྱོང་ལམ་ལུགས་བཙུགས་མེད་པ་དང་། ཚལ་གྱི་ཁ་གྲངས་ཁ་གསལ་བཀོད་མེད་པ་རྟོགས། ཁྲིམས་འཛིན་མི་སྣས《བཟའ་བཅའ་འཕྲོ་བརླག་བཀག་འགོག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཟ་ཁང་དེ་གཉིས་ལ་ཐ་ཚིག་སྒྲོག་པའི་སྲིད་འཛིན་ཆད་པ་བཅད་པ་དང་འབྲེལ། དུས་བཅད་ནང་ཡོ་བསྲང་བྱེད་དུ་བཅུག་པ་རེད།

    《བཟའ་བཅའ་འཕྲོ་བརླག་བཀག་འགོག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། ཟ་ཁང་ཁག་གིས་རང་འགུལ་ངང་འཛད་སྤྱོད་པར་བཟའ་བཅའ་འཕྲོ་བརླག་ཏུ་གཏོང་མི་རུང་བའི་དྲན་སྐུལ་བྱེད་པ་དང་། མངོན་གསལ་དོད་སར་བཟའ་བཅའ་འཕྲོ་བརླག་བཀག་འགོག་བྱེད་པའི་མཚོན་རྟགས་སྦྱར་བའམ་ཡང་ན་འཇོག་དགོས་པ། ཞབས་ཞུ་བས་འཛད་སྤྱོད་པར་དགོས་མཁོ་བཞིན་ཚལ་འོས་འཚམ་འདེམས་དགོས་པའི་གསལ་བཤད་བྱེད་དགོས་པ་ལས། ཟ་ཁང་གིས་འཛད་སྤྱོད་པར་རྐང་བཙུགས་ནས་ཚལ་མང་པོ་འདེམས་སུ་བཅུག་པ་སོགས་བྱེད་མི་རུང་། གལ་ཏེ་གཏན་འབེབས་དེ་ལས་འགལ་ཚེ་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་ནས་ཐ་ཚིག་སྒྲོག་དགོས། ཡོ་བསྲང་མི་བྱེད་མཁན་ལ་སྒོར་1000ཡན་ནས་སྒོར་ཁྲི་1མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཟས་རིགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་རིང་། བཟའ་བཅའ་འཕྲོ་བརླག་ཚབས་ཆེན་བཏང་བའམ་ཡོ་བསྲང་མ་བྱས་ཚེ། སྒོར་5000ཡན་ནས་སྒོར་ཁྲི་5མན་གྱི་དངུལ་ཆད་གཅད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།