ཁྲིམས་ལུགས་ཁྱབ་གདལ་བཏང་ནས་བྱང་ཚད་མཐོ་རུ་གཏོང་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དྲུག་བརྒྱ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས“གཞི་རིམ་དུ་སྐྱོད་པ་དང་། དམངས་དོན་འདྲི་བ། བྱ་བ་དངོས་སྒྲུབ་པ”བཅས་ཀྱི་སྒྲོག་འགྲེལ་ཆེན་པོའི་བྱེད་སྒོ་གོ་སྐབས་སུ་བཟུང་ནས། ལྷ་ས་གྲོང་ཁྱེར་གྱི“འདུ་ཤེས་གསུམ”གྱི་སྒྲོག་འགྲེལ་ཚོགས་པའི་ཚོགས་པ་གསུམ་པ་དྲུག་བརྒྱ་གྲོང་ཚོར་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་པར་གདན་དྲངས་ཏེ་མང་ཚོགས་ཀྱི་བཅའ་ཁྲིམས་བྱང་ཚད་དང་ཤེས་དཔལ་བྱང་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད། འདི་ནི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་པ་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ལ་སྒྲོག་འགྲེལ་བྱེད་བཞིན་པ།