དབུ་ཤོག>ཁྲིམས་ལུགས།
  • སློབ་གསོའི་ལམ་ནས་གཅེས་སེམས་དང་འོད་སྣང་སྦྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-09

    འདི་ལོ་ལོ་35ལ་སླེབས་པའི་བདེ་ཆེན་གཡུ་སྒྲོན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཡིན་ཞིང་། 2006ལོར་པེ་ཅིང་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་ཚུད་པ་དང་2011ལོར་ཨ་རིའི་ཉིའུ་གཡོད་སློབ་ཆེན་དུ་སློབ་གསོ་དང་སྤྱི་ཚོགས་སྲིད་ཇུས་ཆེད་ལས་སློབ་སྦྱོང་བྱེད་པར་བསྐྱོད།

    2015ལོར་བདེ་ཆེན་གཡུ་སྒྲོན་བོད་དུ་ལོག་སྟེ་པེ་ཅིང་སློབ་ཆེན་གྱི་སློབ་གྲོགས་དང་མཉམ་དུ་ལྷ་སའི་མཐོང་སྣང་མཐའ་ཡས་སློབ་གསོ་བློ་འདྲི་ཚད་ཡོད་ཀུང་སི་བཙུགས། སློབ་གསོ་གསར་གཏོད་དང་སློབ་གསོ་འཕེལ་རྒྱས་ལ་བློ་རྩེ་གཅིག་སྒྲིམ་གྱིས་གཞོལ་བ་མ་ཟད། སྤྱི་ཚོགས་ཁེ་ལས་ཀྱི་རྣམ་པ་དང་དེ་བཞིན་སློབ་གསོ་གསར་གཏོད་ཀྱི་འདུ་ཤེས་ལ་བརྟེན་ནས་བོད་ཀྱི་དཀའ་ངལ་ཡོད་པའི་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་རྒྱབ་སྐྱོར་གང་ཐུབ་བྱེད་ཀྱི་ཡོད། སྐབས་དེ་དུས་བོད་དུ“སྤྱི་ཕན་ལས་གཏོད”ཅེས་པ་དེ་ཐ་སྙད་གསར་པ་ཞིག་ཡིན་མོད། འོན་ཀྱང་ཁོང་དང་ཚོགས་པའི་ཁོངས་མི་ཚོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས།

    བདེ་ཆེན་གཡུ་སྒྲོན་གྱི་ཚོགས་པའི་རྣམ་གྲངས་དང་པོའི་མིང་ལ“ཆིང་མོ་ཀྲའེ”ཟེར་ཞིང་། དེའི་དམིགས་ཡུལ་ནི་དཔེ་ཀློག་དང་རྩོམ་འབྲིའི་འབྲེལ་ཡོད་ཤེས་བྱ་སློབ་ཁྲིད་བྱས་པ་བརྒྱུད་བུ་མོ་ཚོའི་རང་ངོས་ཀྱི་ངོས་འཛིན་མཐོ་རུ་གཏོང་རོགས་བྱ་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། བདེ་ཆེན་གཡུ་སྒྲོན་དང་ཁོང་གི་ཚོགས་པས་བོད་ཀྱི་བྱིས་པ་དང་། གཞོན་ནུ་ལོ་ཆུང་། དེ་བཞིན་བུད་མེད་བཅས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ནས་སྤྱི་ཕན་རང་བཞིན་གྱི་བྱེད་སྒོ་ཐེངས་ཆིག་སྟོང་ཙམ་སྤེལ་བ་དག་མི་ཐེངས་ཁྲི་10ལྷག་ཙམ་ལ་ཁྱབ་ཡོད། ལྷ་སར་བདེ་ཆེན་གཡུ་སྒྲོན་གྱིས“ཆིང་མོ་ཀྲའེ”ཞེས་པའི་སློབ་གསོའི་རྣམ་གྲངས་གཙོ་སྐྱོང་བྱས་པ་དང་འབྲེལ་དེར་སྐུལ་འདེད་བཏང་སྟེ་མིག་སྔར་བོད་ཀྱི་བུད་མེད་1200ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།

    བདེ་ཆེན་གཡུ་སྒྲོན་དང་ཁོང་གི་ཚོགས་པར་བོད་ཀྱི་སྤྱི་ཚོཌ་ལས་རིཌ་ཁག་གི་དོ་ཁུར་དང་ཁས་ལེན་ཐོབ་ནས་2020ལོའི་ཟླ་8པར་བོད་ཀྱི་ཆེད་ལས་ཀྱི་སྤྱི་ཚོཌ་ལས་དོན་གྱི་ཞབས་ཞུའི་ལས་ཁུངས་ཐོག་མ་དེ་དུས་ཐོག་ཏུ་བཙུགས་པ་རེད། ཐོ་འགོད་བྱས་ནས་ད་བར་གྱི་ལོ་གསུམ་ཙམ་ནང་བོད་ལྗོངས་སྐར་འོད་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱིས་གཞི་རིམ་སྡེ་ཁུལ་གྱི་ཞབས་ཞུ་བཅོས་སྐྱོང་དང་། གཞི་རིམ་སྤྱི་ཚོཌ་ལས་དོན་ཞབས་ཞུར་སྐུལ་འདེད། གཞི་རིམ་གྱི་དཀའ་ངལ་ཡོད་པའི་མི་ཚོཌ་ལ་རྒྱབ་སྐྱོར་སོཌ་ཀྱི་ཁྱབ་ཁོངས་ནང་འཚོལ་ཞིབ་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)12ཀྱི་སྐད་གཉིས་སྤྱི་ཚོགས་ལས་དོན་ཞབས་ཞུ་ས་ཚིགས་སྐྲུན་འགན་ཁུར་བ་མ་ཟད། སྔ་རྗེས་སུ《ཀྲུང་གོའི་སྤྱི་ཚོགས་ལས་དོན》སོཌ་དམངས་སྲིད་པུས་གཙོ་གཉེར་བྱས་པའི་དུས་དེབ་ཐོག་འཚོལ་ཞིབ་དང་ལག་ལེན་གྱི་རྩོམ་ཡིག་སྤེལ་བ་རེད།

    ད་ཆ་བདེ་ཆེན་གཡུ་སྒྲོན་གྱི་ཚོགས་པས“ཆིང་མོ་ཀྲའེ”དང་། “སྒུལ་བདེའི་སློབ་ཁང” “ཉི་འོད་སྡེ་ཁུལ” “སྐར་འོད་འཆར་གཞི” “ཐེའུ་སྲུང་བྱ་སྤྱོད”སོགས་ཚུད་པའི་རྣམ་གྲངས་རབ་དང་རིམ་པ་བཏོན་ཡོད་པ་རེད། དེའི་ཁྲོད“ཉི་འོད་སྡེ་ཁུལ”ཁྲེང་ཀོན་ཆུས་ཀྱི་བོད་ཀྱི་སྡེ་ཁུལ་གྱི་ཁྱད་ཆོས་ལྡན་པ་མ་ཟད། བརྒྱུད་རིམ་ལྡན་པའི་ངང་ཁྱབ་གདལ་བཏང་བའི་སྡེ་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་རྣམ་གྲངས་དང་པོ་ཡིན་པ་དང་། མིག་སྔར་སྡེ་ཁུལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་གཞོན་ནུ་ལོ་ཆུང་800ཙམ་ལ་ཁྱབ་ཡོད། “ཐེའུ་སྲུང་བྱ་སྤྱོད”དང“ཕན་བདེའི་འཆར་གཞི”སོགས་བྱིས་པའི་རང་སྲུང་སློབ་གསོའི་བྱེད་སྒོ་ལྷ་ས་དང་། གཞིས་རྩེ། ནག་ཆུ་སོགས་ས་ཁུལ་གྱི་བྱིས་པ་ཁྲི་ཙམ་ལ་ཁྱབ་ཡོད་པ་རེད།

    149d7160-d6d0-4d2a-be76-9da673256556.jpg.jpg

    འདི་ནི་ནག་ཆུར་སྤེལ་བའི་དཀའ་ངལ་ཡོད་པའི་གཞོན་ནུ་ལོ་ཆུང་དང་བྱིས་པ་འཚར་ལོངས་ཀྱི་གཅེས་སེམས་ཁུག་མའི་སྤྱི་ཕན་ཞལ་འདེབས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    2c28ab10-1f3a-48d9-8a4b-03fb97dbf771.jpg.jpg

    འདི་ནི་བདེ་ཆེན་གཡུ་སྒྲོན་གྱིས་ཕྲུ་གུ་ཚོར་སློབ་ཚན་ཁྲིད་བཞིན་པ།

    290ec50e-2bc3-477d-b484-57b65abc8c3c.jpg.jpg

    འདི་ནི་བདེ་ཆེན་གཡུ་སྒྲོན་དང“ཆིང་མོ་ཀྲའེ”རྣམ་གྲངས་ནང་ཞུགས་མཁན་གླེང་མོལ་བྱེད་བཞིན་པ།

    62e6f2b6-9203-4235-a50e-085d722abbf8.jpg.jpg

    འདི་ནི་བདེ་ཆེན་གཡུ་སྒྲོན་གྱིས་དུད་ཚང་དུ་བསྐྱོད་ནས་ཕྲུ་གུར་དཔེ་དེབ་ཀློག་སྟངས་སློབ་བཞིན་པ།

    e1a92d8c-c812-410b-af04-f52f4fe9faec.jpg.jpg

    འདི་ནི་བདེ་ཆེན་གཡུ་སྒྲོན་གྱིས་སློབ་གྲྭ་ཆེ་མོ་བར་ལས་རིཌ་བློ་འདྲི་བྱེད་བཞིན་པ།

    10b48d30-6060-4ef9-b102-ad705c476785.jpg.jpg

    འདི་ནི་བདེ་ཆེན་གཡུ་སྒྲོན་གྱིས་གཞི་རིམ་ཞབས་ཞུའི་ནུས་པ་མཐོར་གཏོང་གི་གསོ་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།