དབུ་ཤོག>ཁྲིམས་ལུགས།
  • 2023ལོའི་དཔྱིད་དུས་ཀྱི་དམག་ཞབས་ཐིམ་པའི་དམག་མི་དང་དམག་མིའི་ནང་མིའི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-18

    360截图20230418100200212.jpg

    འདི་ནི་བསྡུ་ཚོགས་གཉེར་ཡུལ་ཡིན་པ།

    ཉེ་ཆར། ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས“བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་དཔྱིད་དུས་ཀྱི་དམག་ཞབས་ཐིམ་པའི་དམག་མི་དང་དམག་མིའི་ནང་མིའི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས”སྒྲིག་འཛུཌ་བྱས་ནས་གཉེར་ཞིང་། དམིགས་ཡུལ་ནི་དམག་ཞབས་ཐིམ་པའི་དམག་མི་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་གངམང་ཐུབ་པར་སྐུལ་འདེད་ཧུར་ཐག་གཏོང་ཆེད་རེད།

    གསར་འགོད་པས་ས་གནས་ས་ཐོག་ཏུ་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལས་མི་བསྡུ་ཚོགས་ནི་དྲ་ཐོག་དྲ་ཕྱི་དུས་གཅིག་ཏུ་གཉེར་བ་དང་། དྲ་ཐོག་གི་ལས་མི་བསྡུ་ཚོགས་ཟླ་4ཚེས་29ཉིན་བར་གཉེར་རྒྱུ་ཡིན་པ་རེད། བསྡུ་ཚོགས་སུ་ཁེ་ལས་70ཡིས་གོ་གནས་234དང་ལས་གནས་1486མཁོ་འདོན་བྱས་པར་གླ་ཕོགས་སྒོར་3000ནས་སྒོར་30000བར་མི་འདྲ་བ་སྤྲོད་ཀྱི་ཡོད་ཅིང་། འགྲིམ་འགྲུལ་དང་། དངུལ་འཛིན། མེ་ཟོན། མི་ཤུགས་ཐོན་ཁུངས། སློབ་གསོ་སོགས་ལས་རིགས་18དང་འབྲེལ་བ་ཡོད་པ་དང་། ཀུང་སིའི་དོ་དམ་དང་། ནོར་དོན། སྲིད་འཛིན་མི་ཤུགས། ལས་གྲྭའི་ལག་རྩལ། ནད་སྐྱོང་སོགས་ལས་གནས་རིགས་25ཡོད་པ་རེད། དེ་གར་སླེབས་པའི་དམག་ཞབས་ཐིམ་པའི་དམག་མི་དང་། དམག་དཔུང་དང་མཉམ་ཡོད་ནང་མི། དམག་ཞབས་ཐིམ་པའི་དམག་མིའི་ནང་མི་སོགས་ཁྱོན་མི་375ཡོད་པ་དང་། ལོ་རྒྱུས་མདོར་བསྡུས་ཁག་763སྐྱེལ་སྤྲོད་བྱས་པར་ལས་ཞུགས་ཀྱི་འདོད་མཐུན་བྱུང་བའི་མི་258ཟིན་པ་དང་ས་གནས་ས་ཐོག་ཏུ་མི་2ལས་ཀར་བསྡུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།