དབུ་ཤོག>ཁྲིམས་ལུགས།
  • མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-18

    b9a91968-7b85-4268-97f7-25d733022fbc.jpg.jpg

    འདི་ནི་མངའ་རིས་ཀྱི་མང་ཚོགས་ཀྱིས་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཟ་ཁང་ཞིག་ཏུ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་སྦྱོང་བཞིན་པ།

    མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་ཆེད། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཕྱོགས་ཡོངས་ནས་འཆར་འགོད་བཀོད་སྒྲིག་དང་ཚན་རིག་དང་མཐུན་པར་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དང་ཟ་ཁང“མེ་ཟོན་དྲིལ་བསྒྲགས་བྱ་ཡུལ”དུ་བྱས་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་མེ་ཟོན་དྲིལ་བསྒྲགས་ཀྱི་ཤོག་བྱང་དང་ཁྱིམ་ཚང་གི་མེ་ཟོན་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་ལག་དེབ་སྤྲད་དེ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། དེ་དང་ཆབས་ཅིག འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཙག་ལའང་དོ་ཁུར་དང་། ཁྱིམ་ཚང་གི་མེ་ཟོན་ལ་མཐོང་ཆེན། མངོན་མེད་རྐྱེན་ངན་རང་འགུལ་ངང་གྲལ་བཤེར་བཅས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།