དབུ་ཤོག>ཁྲིམས་ལུགས།
  • རྫོང་དཔེ་མཛོད་ཁང་དང་མཉམ་དུ་མཉམ་སྐྲུན་མཉམ་སྐྱོང་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-11

    eecda62a-fd72-45f4-98e9-e912384e0eee.jpg.jpg

    དཔེ་མཛོད་ས་ཚིགས་ཀྱི་སྒོ་བྱང་འགེལ་བཞིན་པ།

    མེ་ཟོན་རོགས་སྐྱོབ་པའི་རིག་གནས་འཚོ་བ་དང་སློབ་སྦྱོང་གི་བར་མཐོངས་ཕུན་སུམ་ཚོགས་སུ་གཏོང་བ་དང་དཔེ་དེབ་ཀྱི་དྲི་བསུང་འཐུལ་བའི་་ལས་ཁུངས་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་མཛོ་སྒང་རྫོང་རུ་འབྲིང་གིས་མཛོ་སྒང་རྫོང་དཔེ་མཛོད་ཁང་དང་མཉམ་དུ། མཉམ་སྐྲུན་མཉམ་སྐྱོང་བྱེད་སྒོ་དང་དཔེ་མཛོད་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།

    བྱེད་སྒོ་སྤེལ་རིང་། དཔེ་མཛོད་ས་ཚིགས་ཀྱི་འཛུགས་སྐྲུན་དང་མེ་ཟོན་དང་བླངས་ཞབས་འདེགས་རུ་ཁག་དང་གྲངས་འཛིན་ཅན་གྱི་གློག་རྡུལ་དཔེ་དེབ་ཞབས་འདེགས་སོགས་ལ་ཕྱོགས་གཉིས་པོའི་འགན་འཁུར་བ་བསམ་འཆར་གཅིག་མཐུན་བྱུང་ནས“ཐོན་ཁུངས་མཉམ་སྤྱོད་དང་། ལེཌ་ཆ་གསབ་རེས། ཕན་ཚུན་སྐུལ་འདེད། ཐུན་མོང་མཐོར་གཏོང”བཅས་ཀྱི་ལས་ཀའི་རྣམ་པ་གསར་པ་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་ཕྱོགས་གཉིས་པོས་རང་སོ་སོའི་ལེགས་ཆ་གང་ལེགས་འདོན་པ་དང་འགན་འཁྲི་དང་ལས་འགན་ནན་ཏན་ངང་བསྒྲུབས་ཏེ། གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུཌ་ལེགས་སྐྱེས་མཉམ་དུ་འབུལ་རྒྱུའི་ཁ་ཆད་བྱས་པ་རེད། དེ་རྗེས་མཛོ་སྒང་རྫོང་དཔེ་མཛོད་ཁང་གི་འཐུས་མིས་རུ་འབྲིང་ལ་དཔེ་དེབ་200སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།