དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད།
ཉིན་ཤས་གོང་ཆུ་གསུམ་རྫོང་ཆུ་མདོ་རྒྱལ་ཤང་སློབ་ཆུང་གིས“ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར། རྒྱང་ལམ་གསར་པར་ཕུགས་བསམ་དོན་དུ་གཉེར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སློབ་ཚན་དང་པོ་འཚོགས་ཏེ། སློབ་མ་ཚོས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། སློབ་སྦྱོང་ཡག་པོ་དང་ཉིན་བཞིན་ཡར་རྒྱས་ཡོང་བར་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཧུར་ཐག་བྱེད་རྒྱུར་ཁྲིད་སྟོན་བྱས་ཤིང་། འདི་ནི་སློབ་ཚན་འཚོག་ཡུལ་ཡིན་པ།