དབུ་ཤོག>ཁྲིམས་ལུགས།
  • ཏང་གི་གསུང་སྒྲ་མཐའ་མཚམས་ཡུལ་དུ་ཁྱབ། གསར་བརྗེའི་སྒྲོག་འགྲེལ་གཏམ་གྱིས་དམངས་སེམས་དྲོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-11

    ཏང་གི་ཚོགས་ཆེན་ཉི་ཤུ་པ་གྲོལ་རྗེས། ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་སྒོ་གང་མགྱོགས་བཀོད་སྒྲིག་བྱས་ཏེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་ཉེན་རྟོག་པ་དང་མི་དམངས་མཉམ་དུ་སློབ་སྦྱོང་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཉེན་དོན་ཁང་དང་ཁྱད་ལྡན་ཏང་གི་ཚོགས་ཆུང་ལ་བརྟེན་ནས“གསར་བརྗེའི་སྒྲོག་འགྲེལ་ཡན་ལག་རུ་ཆུང”དང“ལྟོ་ཕད་ཁུར་བའི་མི་དམངས་ཉེན་རྟོག་པའི་ཡན་ལག་རུ་ཆུང”བཙུགས་ནས་བཞུགས་མོལ་སྤེལ་རེས་སློབ་སྦྱོང་དང་། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། དྲིལ་བསྒྲགས་འཕྲེད་འགེལ་ཡི་གེ་འགེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་གི“གསུང་སྒྲ”མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཚོའི་སེམས་སུ་ཟུག་པར་བྱས་པ་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་སློབ་སྦྱོང་བྱས་པ།

    ཉེ་ཆར། ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྨན་གླིང་མཐའ་མཚམས་དོ་དམ་རུ་ཆེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྨན་གླིང་རྫོང་གནས་ཡུལ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡཱ་ཤཱ་གསར་བརྗེའི་མཐའ་མཚམས་གྲོང་ཚོ་ཁྱུང་གླིང་གྲོང་ཚོར་གདན་དྲངས་ཤིང་། ཡཱ་ཤཱས་པེ་ཅིང་དུ་ཚོགས་འདུར་ཞུགས་པའི་ཉམས་མྱོང་དང་ཁྱུང་གླིང་གྲོང་ཚོའི་མཐའ་སྲུང་གཏམ་རྒྱུད་དང་ཟུང་འབྲེལ་བྱས་ཏེ། མི་དམངས་ཉེན་རྟོག་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་དུས་རབས་གསར་པའི་མཐའ་བརྟན་མཐའ་དར་གྱི་ས་སྲུང་བ་ཇི་ལྟར་བྱེད་དགོས་པའི་སྐོར་ལྷུག་པོར་གླེང་བ་རེད།

    ཡཱ་ཤཱས་མི་དམངས་ཉེན་རྟོག་པ་ཐོན་སྐྱེད་ཡོ་བྱད་རྙིང་པ་དང་འཚོ་བའི་མཁོ་ཆས་རྙིང་པར་ལྟ་སྐོར་བྱེད་པར་ཁྲིད་དེ། ཏང་གི་སྣེ་ཁྲིད་འོག་ས་གནས་དེ་གའི་ལྷོ་པ་རིགས་ཀྱི་མང་ཚོགས་ཚོས་སྡོད་སའི་ཁང་པ་མེད་པ་དང་ལྟོས་གྲོད་པ་མི་རྒྱགས་པའི་རྔོན་རྒྱག་པའི་འཚོ་བ་སྐྱེལ་སྟངས་ནས་གོམ་པ་རེ་རེ་བཞིན་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་བའི་བར་གྱི་འབད་འཐབ་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་རེད།

    ཆུང་དུས་ནས་ཁྱུང་གླིང་གྲོང་ཚོར་འཚར་ལོངས་བྱུང་བའི་ཡཱ་ཤཱས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བར་བརྟེན་ནས་ལོ་25ཏག་ཏག་མཐའ་མཚམས་བསྲུངས། གྲོང་ཚོའི་ལྷོ་པ་རིགས་ཀྱི་མང་ཚོགས་ཀྱིས་མཐའ་མཚམས་སྐོར་གཡེང་དང་ཕྱུགས་འཚོ་བའི་པར་ལ་ལྟ་བཞིན། ཡཱ་ཤས་ས་གནས་དེ་གའི་ལྷོ་པ་རིགས་ཀྱི་མང་ཚོགས་ཀྱིས་མཐའ་སྲུང་མཐའ་སྐྱོང་བྱས་པའི་གཏམ་རྒྱུད་གླེང་ནས། ཡུན་རིང་ཚུན་དུ་ཉིང་ཁྲིའི་མཐའ་མཚམས་དོ་དམ་རུ་ཆེན་གྱི་མཐའ་སྲུང་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ད་དུང་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ་བབ་ཆགས་པའི་སྐད་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཞིང་འབྲོག་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་བརྗོད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་བྱས་པ་རེད།

    “བློ་དཀར”རུས་པའི་གཏིང་ལ་ཟུག་པ་དང“ཟོལ་མེད”རྩ་བ་ཚུགས་པར་བྱས་པ།

    འདི་ལོ་ནས་བཟུང་། ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཏང་ཨུད་ཀྱིས“ཏང་འཛུགས་སྐྱོང་གིས་དཔུང་ཁག་འཛུགས་སྐྱོང་གི་སྣེ་ཁྲིད་པར”དམ་པོར་དམིགས་པ་དང་། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་སུ་བརྩི་ཞིང་བརྟན་སྲུང་དང་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་གི་ཆེས་རྩ་བའི་ལས་འགན་དུ་བརྩིས་ནས་དོན་འཁྱོལ་བྱེད་བཞིན་ཡོད། “ཏང་གི་ཚོགས་ཆེན་ཉི་ཤུ་པ་ཐོས་བསམ་མྱོང་རྟོགས་དང་། རྒྱལ་སྟོབས་འཕེལ་བར་ང་ཡིས་རྒྱང་ལམ་གསར་པར་འབད”པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། འབྲེལ་ཡོད་བྱེད་སྒོ་སྤེལ་ནས་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་ཕུཌ་བསམ་དང་དད་སེམས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བཞིན་ཡོད་པ་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཏང་ཨུད་ཀྱིས་འཕྲལ་མར་ཉིང་ཁྲིའི་རིམ་ཁག་མཐའ་མཚམས་དོ་དམ་ཚན་པ་སྒྲིག་འཛུགས་བྱས་ནས“ཏང་གི་ཚོགས་ཆེན་ཉི་ཤུ་པ་ཐོས་བསམ་མྱོང་རྟོགས་དང་། རྒྱལ་སྟོབས་འཕེལ་བར་ང་ཡིས་རྒྱང་ལམ་གསར་པར་འབད”པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་ཤིང་། བདམས་ཐོན་པ་ཚོས་རྩ་ཆེའི་པར་རིས་དང་ངོ་མཚར་ཆེ་བའི་བརྙན་ཐུང་བརྒྱུད་དེ་མི་དངོས་དང་། བྱ་བ་དངོས། བརྩེ་བ་དངོས་བཅས་ལ་བརྟེན་ནས་རང་ཉིད་ཀྱི་ཉེ་འགྲམ་གྱི་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་དྲངས་ཏེ་ཏང་ལ་བཅངས་པའི་ལྷག་བསམ་དང་རང་འཁྲིའི་ལས་དོན་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་མཚོན་པའི་ཁར་ཉིང་ཁྲིའི་གནས་སྤོས་ཡུལ་མི་དོ་དམ་གྱི་ཉེན་རྟོག་པའི་སྤྲོ་བ་རབ་ཏུ་འཕེལ་བའི་ལང་ཚོ་ཡང་མཚོན་པར་བྱས་པ་རེད།

    ཏང་གི“གསུང་སྒྲ”མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་པ།

    ཉེ་ཆར། ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆབ་ནག་མཐའ་མཚམས་མངཌ་གཏོང་ཁང་གི་ཏང་ཀྲི་པུས་ཤང་སྲིད་གཞུང་དང་མཉམ་དུ“སྙིང་སྟོབས་ཆེར་བསྐྱེད་ཀྱིས་འོད་སྟོང་འཕྲོ་བའི་བྱས་རྗེས་འཇོག་པ་དང་། ནུས་ཤུཌ་ཡོད་རྒུས་རྒྱང་ལམ་གསར་པར་སྐྱོད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    དེའི་རིང་ཚང་མས་མཉམ་དུ་གཟབ་ནན་དང་ཡིག་འབྲུ་རེ་རེ་བཞིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཞིབ་པར་བཀླགས་པ་མ་ཟད། སློབ་སྦྱོང་གི་མྱོང་ཚོར་ཡང་སྤེལ་བ་རེད། “སྙན་སྒྲོན་གྱི་དགོངས་དོན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པས། ངས་ངེས་པར་དུ་སྙན་སྒྲོན་ནང་གི་མདུན་སྐྱོད་ཀྱི་སྟོབས་ཤུགས་དང་ཡར་བརྩོན་གྱི་བསམ་པ་བསྡུ་ལེན་བྱེད་ཀྱི་ཡིན”ཞེས་ཆབ་ནག་མཐའ་མཚམས་མངགས་གཏོང་ཁང་གི་སློབ་སྟོན་པ་ཕུའུ་ཧྥང་ཁྲའོ་ཡིས་བཤད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཐོག་མའི་བསམ་འདུན་དང་ལས་འགན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། མཐའ་མཚམས་ཁོངས་གཏོགས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ། མང་ཚོགས་ཀྱི་སེམས་ཁྲལ་ཐག་གཅོད་ཡག་པོ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།