དབུ་ཤོག>ཁྲིམས་ལུགས།
  • བོད་ཀྱིས་འབྲུ་འཚོང་དུད་ཆེན་10ལ་གཟེངས་བསྟོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-11

    ཉེ་ཆར་སྔོན་ཐོན་ལ་གཟེངས་བསྟོད་བྱས་ནས་ཞིང་པའི་འབྲུ་འདེབས་དང་འབྲུ་འཚོང་གི་ཧུར་བརྩོན་རང་བཞིན་སྔར་བས་སྐུལ་སློང་དང་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱ་ཆེད། རང་ལྗོངས་ཀྱིས་2022ལོའི་འབྲུ་འཚོང་དུད་ཆེན་ལ་གཟེངས་བསྟོད་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་ནས་ཡིན་པའི་འབྲུ་འཚོང་དུད་ཆེན་10ལ་སྒོར་ཁྲི་2དང་། སྒོར་ཁྲི་1.5 སྒོར་ཁྲི་1བཅས་མི་འདྲ་བའི་བྱ་དགའི་དངུལ་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དང་རྒྱལ་ཁབ་ཀྱི་འབྲུ་རིཌ་བདེ་འཇགས་འཐབ་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ལ་དམིགས་པ། སྲིད་གཞུང་གི་གྲབས་གསོག་དང་ཁྲོམ་རའི་སྙོམས་སྒྲིག་འབྲུ་ཁུངས་སྟངས་འཛིན་ནུས་ལྡན་བཅས་བྱས་ནས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་ཐུབ་པར་རྨང་གཞི་གལ་ཆེན་བཏིང་བས་ལྗོངས་ཡོངས་སུ་འབྲུ་ལྷག་འབུལ་འཚོང་གི་འབྲུ་འཚོང་དུད་ཆེན་མང་དག་ཅིག་ཐོན་ཡོད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཞིང་དུད་ལྷག་པ་དབང་འདུས་དང་། རྒྱལ་རྩེ་རྫོང་གི་ཞིང་དུད་བུ་བསྟན། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཞིང་དུད་པད་མ་མཁའ་འགྲོ་སོགས་འཐུས་ཚབ་ཏུ་བྱེད་པའི་འབྲུ་འཚོང་དུད་ཆེན་10ལ་གཟེངས་བསྟོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།