ཡོང་འབབ་ལྗིད་ཏིག་ཏིག བགོ་འགྲེམས་འབེལ་ལྷུག་ལྷུག
པར་འདི་གཉིས་ནི་མང་ཚོགས་ལ་བགོ་འགྲེམས་རྒྱག་བཞིན་པ།
ཉེ་དུས། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཞབས་ཞུ་ཚད་ཡོད་ཀུང་སིས་བགོ་འགྲེམས་མཛད་སྒོ་ཐེངས་བརྒྱད་པ་འཚོགས་ནས་ཤང་ཡོངས་ཀྱི་མང་ཚོགས་ལ་ཁྱོན་སྒོར་ཁྲི་294བགོ་བགྲེམས་བརྒྱབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེ་བཙུགས་ཚུན་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་ནས་ས་གནས་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་སྐྱེལ་འདྲེན་ལས་ལ་ཞུགས་སུ་བཅུག་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་སྟེགས་བུ་བཏོད་ཡོད།