དབུ་ཤོག>ཁྲིམས་ལུགས།
  • དུས་ཚོད་ཡོལ་བའི་ཚོང་ཟོག་རྫུས་མ་ཁག་གཅིག་གཅིག་སྡུད་ཐོག་མེད་པར་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་2023ལོའི་དུས་ཚོད་ཡོལ་བའི་ཚོང་ཟོག་རྫུས་མ་གཅིག་སྡུད་ཐོག་མེད་པར་བཟོ་བའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་དུས་ཚོད་ཡོལ་བའི་ཚོང་ཟོག་རྫུས་མ་བླུགས་པའི་ཟོག་འདྲེན་རླངས་འཁོར་3ལྷ་སའི་འཚོ་བའི་གད་སྙིགས་སྦས་སར་དབོར་ཡོད། ད་རེས་ཀྱི་བྱེད་སྒོའི་ནང་2022ལོའི་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲོམ་རའི་འཁོར་རྒྱུག་ཁྱབ་ཁོངས་ནས་རྩད་ཆོད་པའི་དུས་ཚོད་ཡོལ་བའི་ཚོང་ཟོག་རྫུས་མ་སྣ་ཚོགས་གཅིག་སྡུད་ཐོག་མེད་པར་བཟོས་ཤིང་། གཙོ་བོ་འོ་མའི་བཏུང་བྱ་དང་། རྩམ་པ། སྟབས་བདེའི་ཐུག་པ། སྲིང་བལ་གྱི་ཉལ་ཆས་སོགས་སྣ་ཁ་37དང་འབྲེལ་བ་ཡོད་པ་དང་དེ་དག་གི་རིན་ཐང་སྒོར་ཁྲི་26ལྷག་ཙམ་ཟིན་ཡོད་པ་རེད།

    2022ལོའི་ལོ་འཁོར་མོར། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཛད་སྤྱོད་པའི་བློ་འདྲི་དང་ཞུ་གཏུག་གནད་དོན་ཁྱོན་བསྡོམས་3548བདག་སྤྲོད་བྱས་ནས་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་93.2གསབ་ཡོད། དུས་ཚོད་ཡོལ་བའི་དངོས་ཟོག་རྫུས་མ་སྣ་ཁ་37ཞིབ་བཤེར་བཀག་ཉར་བྱས་པར་རིན་ཐང་སྒོར་ཁྲི་26ལྷག་ཟིན་ཡོད། ཁྲིམས་ལྟར་གྱོད་གཞི་74ཞིབ་བཤེར་ཐག་གཅོད་བྱས་པ་དང་དངུལ་ཆད་སྒོར་ཁྲི་199.7བཏང་ཡོད། ཆེད་དོན་ཞིབ་བཤེར་སྣ་ཚོགས་ཐེངས་569བྱས་པ་དང་། ཁྲོམ་རའི་བྱེད་པོ་སྣ་ཚོགས་9145ལ་ཞིབ་བཤེར་བྱས་པ། འབྲེལ་གཏུག་ས་ཚིགས་12315དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚིགས་35བཙུགས་པས། གཞི་རིམ་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དྲ་བ་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ནུས་ལྡན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།