དབུ་ཤོག>ཁྲིམས་ལུགས།
  • སྒོར་ཁྲི་3ལྷག་ཙམ་རི་བའི་འབྲི་གཡག་ཚུར་རག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ཉེ་ཆར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤྱི་བདེ་ཅུས་གྱོད་དོན་མྱུལ་ཞིབ་ལྟེ་གནས་ཀྱིས་འབྲི་གཡག་རྐུས་པའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་ཐུབ་ནས། ཉེས་གསོག་དོགས་ཅན་3འཛིན་བཟུང་བྱས་ཏེ་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་3ལྷག་ཙམ་མ་བྱུང་སྔོན་འགོག་བྱས་ཡོད།

    ཉིན་ཤས་གོང་། ཨ་མདོ་རྫོང་སྤྱི་བདེ་ཅུས་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་རིན་ཆེ་གེ་མོའི་གྱོད་དོན་སྙན་སེང་འབྱོར་ཞིང་། ཁོང་གིས་ཉེ་ཆར་རང་ཁྱིམ་གྱི་ནོར་གནག་3བོར་བརླག་ཏུ་སོང་བ་དང་། དེ་དག་ལ་རིན་ཐང་སྒོར་ཁྲི་3ལྷག་ཟིན་གྱི་ཡོད་པས། གྱོད་དོན་ཐོ་འགོད་བྱས་ཏེ་བརྟག་དཔྱད་བྱ་རྒྱུའི་རེ་བ་ཞུས། གྱོད་གཞི་ཐོན་རྗེས་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། འཕྲལ་མར་ཉེན་རྟོག་པ་ཧྲག་སྒྲུག་བྱས་ཏེ་ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ནས་གྱོད་གཞི་ཐོན་ཡུལ་དུ་གྱོད་གཞི་མྱུལ་ཞིབ་བྱེད་པར་བསྐྱོད།

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བརྟག་དཔྱད་དཔང་ལེན་དང་བཅར་འདྲི་གྲལ་བཤེར་བྱས་པ་བརྒྱུད། བརྟག་དཔྱད་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ཆུ་ཚོད་36བསྟུད་མར་འབད་འཐབ་བྱས་པས། ཉེས་གསོག་དོགས་ཅན་བཀྲ་ཆེ་གེ་མོ་བདེ་བླག་ངང་གཏན་འཁེལ་དང་འཛིན་བཟུང་བྱས་པ་དང་འབྲེལ། དཔང་རྟགས་ནུས་ལྡན་འོག་བཀྲ་ཆེ་གེ་མོས་ཉེས་གསོག་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་ཡང་ཞུས་པ་རེད། ཉེས་གསོག་པར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་ཆེད། བཀྲ་ཆེ་གེ་མོས་མཁོ་འདོན་བྱས་པའི་ཁུངས་སྣེར་གཞིགས་ནས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བྱ་ཐབས་ནན་པོ་སྤྱད་པ་དང་མཚན་གང་པོར་བསྲུང་པས། ཉིན་ལྔའི་རྗེས་ངན་རོགས་གཉིས་བདེ་བླག་ངང་འཛིན་བཟུང་ཐུབ་ནས་བརྐུ་རྒྱག་པའི་འབྲི་གཡག་གསུམ་ཚུར་རག་ཅིང་། མིག་སྔར་གྱོད་གཞིའི་འབྲེལ་ཡོད་ལས་དོན་སྔར་བས་སྒྲུབ་བཞིན་ཡོད་པ་རེད།

    གནོད་འཚེ་ཕོག་པའི་མང་ཚོགས་དང་དེ་བཞིན་ཁོང་ཚོའི་གཉེན་ཉེས“དཔའ་བོའི་གཟུགས་བརྙན་གཏོད། དམངས་ཀྱི་བདེ་འཇགས་སྲུང”ཞེས་པའི་གོས་དར་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་སྤྲད་པ་མ་ཟད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་དཀར་གཙང་མཇལ་དར་ཀྱང་གཡོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།