དབུ་ཤོག>ཁྲིམས་ལུགས།
  • བཅའ་སྡོད་བྱ་ཡུལ་གྱི་སྡེ་ཁུལ་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    eba402b6-89fe-4973-beb7-91b31495677c.jpg.jpg

    འདི་ནི་ཞབས་ཞུའི་ཡན་ལག་རུ་ཆུང་གིས་ཁྲོམ་གཞུང་དུ་གཙང་སྦྲ་བྱེད་བཞིན་པ།

    aa0976af-6cfa-4289-9dc9-b5baa7ed0a29.jpg.jpg

    འདི་ནི་ཞབས་ཞུའི་ཡན་ལག་རུ་ཆུང་གིས་གྲོང་མིར་བརྟག་དཔྱད་སྨན་བཅོས་དང་སྨན་སྤྲོད་བཞིན་པ།

    b52d5e04-a755-4230-9141-1b6b527a770e.jpg.jpg

    འདི་ནི་ཞབས་ཞུའི་ཡན་ལག་རུ་ཆུང་གིས་གྲོང་མིར་སྐྲ་བཞར་བཞིན་པ།

    4d70bd65-1fb5-4413-964a-5c74271997b4.jpg.jpg

    འདི་ནི་ཞབས་ཞུའི་ཡན་ལག་རུ་ཆུང་གིས་ཁྲོམ་གཞུང་དུ་གཙང་སྦྲ་བྱེད་བཞིན་པ།

    ཉེ་ཆར་བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གི“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ཞབས་ཞུའི་ཡན་ལག་རུ་ཆུང”གིས་བཅའ་སྡོད་བྱ་ཡུལ་མཐོང་དགའ་སྡེ་ཁུལ་དུ་བསྐྱོད་དེ་དང་བླངས་ཞབས་ཞུའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ལེ་ཧྥུང་གི་སྙིང་སྟོབས་ལག་ལེན་བསྟར་བ་རེད།

    ཞབས་ཞུའི་ཡན་ལག་རུ་ཆུང་གི་རླངས་འཁོར་སྡེ་ཁུལ་གྱི་ཐང་ཆེན་དུ་སླེབས་མ་ཐག་སྔ་ས་ནས་བསྒུགས་བསྡད་པའི་གྲོང་མིས་མཐའ་བསྐོར་བ་དང་རུ་མི་ཚོས་སྔ་རྗེས་སུ་བརྟག་དཔྱད་སྨན་བཅོས་དང་སྨན་སྤྲོད་པ་དང་། སྐྲ་བཞར་བ། ཁྲོམ་གཞུང་ལ་གཙང་སྦྲ་བྱེད་པ། གཏམ་རྒྱུད་སྒྲོག་འགྲེལ་སོགས་དམངས་ཕན་ཞབས་འདེགས་རབ་དང་རིམ་པ་སྤེལ་བར་གྲོང་མིའི་བསྔགས་བརྗོད་ཐོབ་པ་རེད། སྡེ་ཁུལ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་དབྱང་གིས“དམག་དཔུང་དེའི་དཔོན་དམག་ཚོས་ལོ་དྲུག་ཅུ་ཉིན་གཅིག་ལྟར་བྱ་སྤྱོད་དངོས་ལ་བརྟེན་ནས་ལེ་ཧྥུང་གི་སྙིང་སྟོབས་ལག་ལེན་སྟར་བཞིན་ཡོད། བྱ་བ་ཙག་ཙིག་དག་གླེང་རིན་མེད་པ་ཞིག་ཡིན་ན་ཡང་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད་ལ་དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཕུགས་འདུན་བཟང་པོའང་མངོན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    “ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། ངའི་རྐང་པ་ཐང་པོ་མེད་པས་ཆེད་མངགས་ཁྱིམ་དུ་ཡོང་ནས་ང་ལ་སྨན་བསྐྱལ་བ་མ་ཟད་ཁང་པར་ཡང་གཙང་སྦྲ་བྱེད་རོགས་བྱས་བྱུང”ཞེས་ལོ་84ལ་སླེབས་པའི་ཨ་མ་རྒན་མོས་ལུའེ་ཤོག་དེའི་བོད་ལྗོངས་ས་མཐོའི་ངར་ལྕགས་སྐྱེལ་འདྲེན་པན་ཤོག་གི་པན་ཀྲང་ཆའོ་ཧྲི་ཅུན་གྱི་ལག་པར་དམ་པོ་བཟུང་ནས་དེ་ལྟར་བཤད། ལུའེ་ཤོག་དེའི་སྐྱེལ་འདྲེན་པན་ཤོག་ནི་1964ལོར་རྒྱལ་སྲུང་པུའུ་ཡིས་སྤྲད་པའི་གཟི་བརྗིད་མཚན་སྙན་ཞིག་ཡིན་ཞིང་། ལོ་དེ་དག་རིང་པན་ཤོག་དེའི་འཐབ་འཛིང་བ་ཚང་མ་ཞབས་ཞུའི་ཡན་ལག་རུ་ཆུང་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཁོང་ཚོས་སྔ་ཕྱི་བར་གསུམ་དུ་ལེ་ཧྥུང་གི“མི་དམངས་ལ་ཞབས་འདེགས་ཞུ་བའི”བླ་ན་མེད་པའི་བརྩེ་བ་བློ་ལ་བརྟན་པོར་བཅངས་ནས་ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ཏེ། གཞན་ཕན་སྒྲུབ་པར་དགའ་བའི་སྙིང་སྟོབས་རྒྱུན་གཏན་གྱི་འཚོ་བར་ཁྱབ་པར་བྱས་ནས། ལོ་མང་རིང་བཅའ་སྡོད་བྱ་ཡུལ་མང་ཚོགས་ཁྲོད་བསྐྱོད་དེ་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ལུའེ་ཤོག་དེའི་ཞབས་ཞུའི་ཡན་ལག་རུ་ཆུང་གིས་མི་ཐེངས་200ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་། མི་18ལ་སྐྲ་བཞར་བ། འགྲོ་ལམ་5ལ་གཙང་སྦྲ་བཅས་བྱས་པ་དང་། སྡེ་ཁུལ་ལ་སྒོར་ཁྲི་ལྷག་ཙམ་རི་བའི་རྒྱུན་སྤྱོད་སྨན་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།