དབུ་ཤོག>ཁྲིམས་ལུགས།
  • མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། མེ་ཟོན་ཐོན་རྫས་ཀྱི་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་བཟོ་བ་དང་བཅོས་སྒྲིག་བྱེད་པ། རྫུན་ལྷད་ཞན་གསུམ་གྱི་མེ་ཟོན་ཐོན་རྫས་ཐོན་སྐྱེད་དང་། ཕྱིར་ཚོང་། བེད་སྤྱོད་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུག་རྡེག་ཚ་ནན་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་ལ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཅིག་སྡུད་སྤེལ་བ་རེད། ཟླ་3ཚེས་14ཉིན་བར་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁྱོན་ཚན་པ་1608ལ་ཞིབ་བཤེར་བྱས་པ་དང་། 《མེ་ཟོན་ཐོན་རྫས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ནས་ཚད་གཞི་མ་ལོན་པའི་གཏན་འཁེལ་བྱས་པའི་བརྡ་ཐོ》ཁག་9བཀྲམ་པ་དང་། 《དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བའི་བརྡ་ཐོ》ཁག་9བཀྲམ་པ། དྲིལ་བསྒྲཌ་བྱ་ཡུལ་ཁག་10བཙུཌ་པ། དྲིལ་བསྒྲཌ་དཔྱད་ཡིག་400ལྷག་ཙམ་སྤྲད་པ། ཚད་གཞི་མ་ལོན་པའི་མེ་ཟོན་ཐོན་རྫས་རིགས་7དང་ཁག་314གཅིག་སྡུད་མེད་པར་བཟོས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ལ་མཉམ་དུ《ལྷ་ས་གྲོང་ཁྱེར་གྱི་མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་ལག་བསྟར་ཇུས་གཞི》འགྲེམས་སྤེལ་བྱེད་པའི་རེ་འདུན་ཞུས་པ་དང་དུས་མཚུངས། ཁྲོམ་ར་ལྟ་འདོམས་དང་། སྤྱི་བདེ། སྡོད་ཁང་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ཞིབ་བཤེར་ཚོགས་ཆུང་9བཙུགས་ནས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ས་ཁོངས་དང་། གཙོ་གནད་ཁྲོམ་ར། གཙོ་གནད་ཁེ་ལས་བཅས་ཀྱི་མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་ལ་གཅིག་སྡུད་ཞིབ་བཤེར་བྱས་ནས། ཞིབ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་ཚད་གཞི་མ་ལོན་པའི་ཐོན་རྫས་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གཞན་དག་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་ཡིག་ཆ་སྤྲད་དེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་བ་དང་། ཐོན་རྫས་རྫུན་མ་ཕྱིར་ཚོང་བྱེད་མཁན་ཁྲིམས་འགལ་ཚན་པ་དང་མི་སྒེར་ལ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།