མངའ་རིས་ས་ཁུལ་གྱིས་ཟླ་གསུམ་པའི་ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་ཆར། མངའ་རིས་ས་ཁུལ་གྱི་ས་ཁུལ་དང་། རྫོང་། ཤང(གྲོང་རྡལ)བཅས་རིམ་གསུམ་དུས་བདེ་གཞུང་ལས་ཁང་གིས“གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་མངའ་རིས་འཛུགས་སྐྲུན་བྱེད་པ”བརྗོད་དོན་གཙོ་བོར་བྱས་ནས། ཟླ་གསུམ་པའི་ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ས་ཁུལ་གྱི་གཅིག་སྡུད་དྲིལ་བསྒྲགས་བྱ་ཡུལ་དུ་དྲིལ་བསྒྲགས་ཚན་པ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་གཙོ་གནད་དུ་དྲིལ་བསྒྲགས་བྱས་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང《གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་ལག་བསྟར་བསམ་འཆར》དྲིལ་བསྒྲགས་བྱས་པ་དང་། 《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དང《རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་པ་རེད།