བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གིས“ཁྲིམས་སྐྱོང་སློབ་ཚན་དང་པོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་ཆར། བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་བྲག་ཡིབ་ཁྲིམས་རའི་ལས་བྱེད་ཉེན་རྟོག་པས་བྲག་ཡིབ་ཆུས་སློབ་ཆུང་དུ“ཁྲིམས་སྐྱོང་སློབ་ཚན་དང་པོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བཅའ་ཁྲིམས་ཁྱབ་གདལ་ལས་བྱེད་ཉེན་རྟོག་པས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་སློབ་གྲྭའི་བརྙས་བཅོས་ལ་ངོ་རྒོལ་དང་། ན་སོ་དར་ལ་མ་བབས་པའི་མི་དྲ་རྒྱར་དབྱིངས་ཚུད་པར་སྔོན་འགོག འགྲིམ་འགྲུལ་བདེ་འཇགས་དང་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་སོགས་ལ་གཙོ་གནད་ཐོག་དམིགས་ནས་བྱེད་སྒོ་སྤེལ་བ་རེད།
འདི་ནི་བཅའ་ཁྲིམས་ཁྱབ་གདལ་ལས་བྱེད་ཉེན་རྟོག་པས་སློབ་མའི་དྲི་བར་ལན་རྒྱག་བཞིན་པ།