དབུ་ཤོག>ཁྲིམས་ལུགས།
  • ལྷ་སའི་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་བཙོག་དངུལ་གཙང་སྒྱུར་བྱེད་མཁན་ཚོགས་པ་ཞིག་རྩ་མེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    འདི་ལོའི་ཟླ་2པར། ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་ལྷ་སའི་བཙོག་དངུལ་གཙང་སྒྱུར་བྱེད་མཁན་ཚོགས་པ་ཞིག་རྩ་མེད་བཏང་བ་རེད། ཉེ་བའི་ཟླ་3རིང་། གྱོད་འབྲེལ་དངུལ་སྒོར་ཁྲི་3000ཙམ་ཟིན་པ་དང་། རིམ་པ་དང་པོའི་གཱ་ཡི་གྱོད་འབྲེལ་དངུལ་སྒོར་ཁྲི་1050ཟིན་པ་དེ་དག་ལྗོངས་ཕྱིའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁག་143དང་འབྲེལ་བ་ཡོད་པ་རེད། གྱོད་གཞི་དེ་ནི《གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་རྒོལ་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་པ་ནས་བཟུང་། ལྷ་སའི་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་རྡུང་རྡེག་བཏང་བའི་ས་གནས་དེ་གའི་ཚོགས་པའི་བཙོག་དངུལ་གཙང་སྒྱུར་གྱི་གྱོད་གཞི་དང་པོ་དེ་རེད།

    ཟླ་2ཚེས་15ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ། སྟོད་གོས་དཀར་པོ་གྱོན་པའི་ན་གཞོན་ཞིག་གྲོང་ཁྱེར་ཤར་འདབས་ལྕང་གྲོང་ལམ་དུ་ཡོད་པའི་བོད་ལྗོངས་དངུལ་ཁང་ལྷ་ས་རྔ་ཆེན་ལམ་ཉིང་ལག་དངུལ་ཁང་དུ་ཡོང་ནས་དངུལ་སྨར་འབོར་ཆེན་ལེན་པའི་ལས་སྒོ་གཉེར་བ་རེད།

    “སྐབས་དེ་དུས་ཁོ་པས་སྒོར་ཁྲི་20ལེན་རྩིས་བྱེད་ཀྱི་འདུག” བོད་ལྗོངས་དངུལ་ཁང་རྔ་ཆེན་ཉིང་ལག་དངུལ་ཁང་གི་ལས་དོན་མི་སྣས་དངུལ་སྨར་འབོར་ཆེན་ལེན་པའི་ལས་སྒོ་གཉེར་སྐབས། དངུལ་ཁང་གི་རྩིས་ཁྲ་དེའི་གཏོང་ཡོང་གི་ཟིན་ཐོར་རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་ཡོད་པ་ཤེས་རྗེས། ཁོང་ཚོས་འཕྲལ་མར་ཉེན་རྟོག་པར་སྙན་སེང་ཞུས།

    ཉེན་བརྡ་འབྱོར་རྗེས། ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་འཕྲལ་མར་ཉེན་རྟོག་པ་མངགས་ནས་དངུལ་ལེན་པར་ཡོང་མཁན་ཉེས་གསོག་དོགས་ཅན་2བཟུང་བ་མ་ཟད། ཉེས་གསོག་དོགས་ཅན་གཞན་དག་གི་རྗེས་སུ་བསྙེགས་ནས་ལྷ་སའི་མགྲོན་ཁང་ཞིག་ནས་ཉེས་གསོག་དོགས་ཅན་4བདེ་བླག་ངང་བཟུང་པ་རེད།

    འདྲི་རྩད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པར་ཁུངས་སྣེ་གལ་ཆེན་ཞིག་རག་པ་སྟེ། ཁོ་ཚོའི་འགོ་གཙོ་ནི་ཐེན་ཆེ་གེ་མོ་ཡིན་པ་ཤེས།

    ཐེན་ཆེ་གེ་མོས་དྲ་ཕྱི་ནས་ཐབས་ལམ་མང་པོ་བརྒྱུད། ཉེ་འགྲམ་གྱི་གཉེན་ཉེ་དང་གྲོགས་པོར་བློས་འཁེལ་བའི་དངུལ་ཁང་གཱ་རག་ཐབས་བྱེད་དུ་བཅུག་ཡོད། “སྐབས་དེ་དུས་ཐེན་ཆེ་གེ་མོས་དངུལ་ཁང་གཱ་དེ་དག་ནི་དངུལ་ལེན་དུས་སྤྱོད་ཆེད་རེད། དངུལ་ཁང་གཱ་ཇི་ཙམ་མང་བ་ཡོད་ཚེ་དེ་ཙམ་གྱིས་དངུལ་མང་བ་ལེན་ཐུབ”ཅེས་བཤད། ཉེས་གསོག་དོགས་ཅན་ཀུན་ཆེ་གེ་མོས་གསར་འགོད་པར། ཐེན་ཆེ་གེ་མོས་ཁོ་ཚོར་དངུལ་གྱི་ཡོང་ཁུངས་སྐོར་བཤད་མ་བྱུང་། ཁོ་ཚོས་ངར་ཁ་པར་བརྒྱབ་ནས་གཱ་ནང་དངུལ་བླུགས་ཡོད། འཕྲིན་ཐུང་འབྱོར་རྗེས་དངུལ་ལེན་པར་རྒྱུག་ཅིག་ཅེས་བརྗོད་ཀྱི་འདུག ཀུན་ཆེ་གེ་མོས་དངུལ་བླངས་རྗེས། ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོས་ལས་འགོ་བརྩམས་ཡོད། “འགོ་གཙོས་ང་ལ་དངུལ་གཱ་གཅིག་གམ་གཉིས་ཀྱི་ཨང་གྲངས་སྤྲད་དེ། དམིགས་འཛུགས་དངུལ་ཁང་གཱ་ནང་དངུལ་བཅོལ་དུ་བཅུག་ནས་U(རྟོག་བཟོའི་དངུལ་ལོར)ལ་སྒྱུར་གྱི་ཡོད”ཅེས་བཤད།

    “ཐེན་ཆེ་གེ་མོ་ནི་གྱོད་གཞི་དེའི་འགག་རྩ་རེད”

    སྲོལ་རྒྱུན་གྱི་ཉེས་དོན་གྱོད་གཞི་དང་བསྡུར་ན་ཉེས་གསོག་ཐབས་ལམ་གསར་པའི་སྤྱི་ཡོངས་ཀྱི་ལག་རྩལ་མཐོ་བ་དང་། གསང་བའི་རང་བཞིན་ཆེ་བ། དཔང་རྟགས་ལེན་དཀའ་བ། མ་གནས་དམའ་བ། ཕན་འབྲས་ཆེ་བ་བཅས་ཡོད། “བཙོག་དངུལ་གཙང་སྒྱུར”གྱི་བྱེད་སྤྱོད་དང་རྒྱུན་གཏན་གྱི་གནས་ཚུལ་འོག་རྒྱུན་གཏན་གྱི་མ་དངུལ་གཏོང་སྤྲོད་དང་བསྡོམས་རྩིས་གཉིས་ཀར་ཧེ་བག་ཡོད་ཅིང་། དོན་སྙིང་ཆེན་པོ་མེད་པའི་ཉེས་གསོག་བྱེད་སྤྱོད་སྤེལ་ཡུལ་དུ་ལུས་པའི་ཉེས་གསོག་གི་རྗེས་ཤུལ་ཉུང་བ་དང་མྱུལ་ཞིབ་བྱེད་ཁག་པོ་ཡོད། འོན་ཀྱང་ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་དཀའ་ངལ་མཐའ་དག་ཁྱད་བསད་བྱས་ནས། དགོང་མོ་དེ་རང་ལ་རྡུང་རྡེག་ཚོགས་ཆུང་དང་ཞིབ་འཇུག་བརྡར་གཅོད་ཚོགས་ཆུང་གིས་འདྲི་རྩད་ལས་དོན་ལས་བགོས་ཞིབ་ཚགས་བརྒྱབ་ནས། འཛིན་བཟུང་བྱས་པའི་ཉེས་གསོག་དོགས་ཅན་སོ་སོར་འདྲི་རྩད་བྱས་པ་དང་། གྱོད་འབྲེལ་རྩིས་ཁྲ་ཚང་མའི་མ་དངུལ་དབྱེ་ཞིབ་དང་གྱོད་འབྲེལ་གྱོད་གཞི་མཉམ་དུ་སྒྲུབ་གཉེར་བྱས་པ་རེད།

    ཟླ་2ཚེས་20ཉིན། རྡུང་རྡེག་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པ་མཚོ་སྔོན་དུ་བསྐྱོད་ནས་འགོ་གཙོ་ཐེན་ཆེ་གེ་མོ་བཟུང་པ་རེད། ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པ་ལི་ཡོན་ཤིན་གྱིས། ཚོགས་པ་དེས་རྟོག་བཟོའི་གྲངས་འཛིན་དངུལ་ལོར་སྤྱད་དེ་ཕྱི་རྒྱལ་གྱི་ཉེས་གསོག་ཚོགས་པར་བཙོག་དངུལ་གཙང་སྒྱུར་བྱེད་རོགས་བྱེད་ཀྱི་ཡོད་པ་དང་། ཚོགས་པ་དེའི་ལས་བགོས་ཁ་གསལ་པོ་ཡོད་པ་རེད། 2022ལོའི་ཟླ་11པ་ནས་བཟུང་། ཉེས་གསོག་དོགས་ཅན་ཐེན་ཆེ་གེ་མོས་གཙོས་པའི་ཀུན་ཆེ་གེ་མོ་དང་ཚེ་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་གྱི་མཉེན་ཆས་སྤྱད་དེ་བཙོག་དངུལ་གཙང་སྒྱུར་དང་དངུལ་ཁོངས་སྒྱུར་དུ་འཇུག་གི་ཡོད། བཙོག་དངུལ་གཙང་སྒྱུར་གྱི་ལས་སྒོ་གཉེར་རྗེས་ཚོགས་པའི་འགོ་གཙོ་དང་། ཚོགས་ཆུང་གི་འགོ་འཛིན། དངུལ་ལེན་མཁན། རིམ་པ་དམའ་ཤོས་ཀྱི་བཙོག་དངུལ་གཙང་སྒྱུར་བྱེད་མཁན་སོགས་ཚང་མར་མང་ཉུང་མི་འདྲ་བའི་ཁེ་ཕན་ཐོབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    མིག་སྔར་ཐེན་ཆེ་གེ་མོ་དང་། ཀུན་ཆེ་གེ་མོ། ཚེ་ཆེ་གེ་མོ། པད་ཆེ་གེ་མོ། ཝང་ཆེ་གེ་མོ་སོགས་མི་བདུན་ལ་ནག་ཉེས་སྦ་གསང་བྱས་པ་དང་ཉེས་པ་བསགས་ནས་ཕན་པ་ཐོབ་ཐབས་བྱས་པའི་དོགས་གཞི་ཡོད་པས། ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད་ལ་གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།