དབུ་ཤོག>ཁྲིམས་ལུགས།
  • གྲོང་ཁྱེར་གྱི“བརྡ་ཆ་ཆུང་ངུ”བཅོས་སྒྲིག་གི་བྱ་སྤྱོད་སྤེལ་རིང་ལྷ་ས་ནས་མི་8བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    གྲོང་ཁྱེར་གྱི“བརྡ་ཆ་ཆུང་ངུ”མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་འབྱུང་རྩ་ནས་ཁྲིམས་འགལ་གྱི་བྱེད་སྤྱོད་གཏན་འགོག་ཏན་ཏིག་བྱ་ཆེད། ཟླ་3ཚེས་16ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་སྡེ་ཚན་མང་པོ་དང་མཉམ་དུ་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་སྒྲིག་འགལ་ངང“བརྡ་ཆ་ཆུང་ངུ”སྦྱར་བའི་གྱོད་གཞི་ཁག་3བདེ་བླག་ངང་ཞིབ་བཤེར་ཐག་གཅོད་བྱས་པ་དང་ཁྲིམས་འགལ་བ་3བཟུང་པ་རེད།

    ཟླ་3ཚེས་16ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་ལས་དོན་སྤེལ་སྐབས། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དང་པེ་ཅིང་ནུབ་ལམ་གྱི་ལམ་ཟུར་ཚོང་ཁང་དུ“བརྡ་ཆ་ཆུང་ངུ”གང་བྱུང་དུ་སྦྱར་བའི་ཟང་ཟིང་གི་སྣང་ཚུལ་ཐོན་པ་ཤེས་རྟོགས་བྱུང་ཡོད། ཁུངས་སྣེ་ཁོང་དུ་ཆུད་རྗེས། མི་དམངས་ཉེན་རྟོག་པས་ཁྲིམས་འགལ་ངང“བརྡ་ཆ་ཆུང་ངུ”སྦྱར་མཁན་ལི་ཆེ་གེ་མོ་མགྱོགས་མྱུར་གཏན་འཁེལ་བྱས་པ་མ་ཟད། སེ་ར་ལམ་གྱི་བོགས་གཏོང་ཁང་པ་ཞིག་ནས་ཁོ་པ་བདེ་བླག་ངང་བཟུང་པ་དང་། ས་ཆ་དེ་རང་ནས“བརྡ་ཆ་ཆུང་ངུའི”ཤོག་བྱང་ཁྲི་གཅིག་ལྷག་ཙམ་རྩད་ཆོདཔ་རེད། མིག་སྔར་གྱོད་གཞི་དེ་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

    ཟླ་3ཚེས་16ཉིན་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་རྔ་ཆེན་མངགས་གཏོང་ཁང་གིས་ཀྱང་ཁྲིམས་འགལ་ངང“བརྡ་ཆ་ཆུང་ངུ”སྦྱར་མཁན་གཉིས་བཟུང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྔ་ཆེན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གྲལ་བཤེར་བྱེད་རིང་། རྔ་ཆེན་ལམ་གྱི་ཁུལ་ཆུང་ཞིག་ཏུ“བརྡ་ཆ་ཆུང་ངུ”མང་པོ་སྦྱར་ཡོད་པ་དང་། དེའི་ནང་དོན་ནི་རླངས་འཁོར་གཏའ་འཇོག་དངུལ་བུན་དང་གནས་གོང་མཐོ་བའི་རླངས་འཁོར་བསྡུ་ཉོའི་སྐོར་ཡིན་ཞིང་། བརྟག་དཔྱད་བྱས་པ་བརྒྱུད། ཉིན་དེར་མི་དམངས་ཉེན་རྟོག་པས་སྣེའུ་ཁུལ་གསར་དུ་ཁྲིམས་འགལ་ངང“བརྡ་ཆ་ཆུང་ངུ”སྦྱར་མཁན་ལེང་ཆེ་གེ་མོ་བཟུང་པ་དང་ས་ཆ་དེ་རང་ནས“བརྡ་ཆ་ཆུང་ངུ”ཁྲི་1ལྷག་ཙམ་རྩད་ཆོད་པ་རེད། གྱོད་གཞི་དེ་སྔར་བས་བརྟག་དཔྱད་དང་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།