དབུ་ཤོག>ཁྲིམས་ལུགས།
  • ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་འཕྲུལ་སྒུལ་འཁོར་རིགས་རྐུ་མཁན་གྱི་ཉེས་གསོག་ཚོགས་པ་ཞིག་གཏོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་དུ་འཕྲུལ་སྒུལ་འཁོར་རིགས་རྐུ་བའི་གྱོད་གཞི་ཐོན་ཉུང་དུ་ཕྱིན་མོད། འོན་ཀྱང་མི་འགྲུལ་བཞུད་ཉུང་ས་དང་ལམ་གུ་དོག་སར་ཉེས་གསོག་གི་བྱེད་སྤྱོད་རེ་གཉིས་ཐོན་གྱི་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་འཕྲུལ་སྒུལ་འཁོར་རིགས་རྐུ་མཁན་གྱི་ཉེས་གསོག་ཚོགས་པ་ཞིག་གཏོར་ནས། ཉེས་གསོག་དོགས་ཅན་4བཟུང་སྟེ་མང་ཚོགས་ལ་གྱོང་གུན་མི་ཕོག་པར་བྱས་པ་རེད།

    དོན་རྐྱེན་བྱུང་རིམ།

    ཟླ་2ཚེས་15ཉིན་དང་ཟླ་3ཚེས་12ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་ཉང་བྲན་ཁྲོམ་གཞུང་དུ་ཐོན་པའི་འཕྲུལ་སྒུལ་འཁོར་རིགས་བརྐུས་པའི་གྱོད་དོན་ཁག་གཉིས་ཀྱི་སྙན་སེང་འབྱོར།

    ཉེས་དོན་སྙན་སེང་འབྱོར་རྗེས། ཉེན་རྟོག་པས་འཕྲལ་མར་འབྲེལ་ཡོད་ཁུངས་སྣེ་གཞིར་བཟུང་མྱུལ་ཞིབ་བྱས་ནས་རྐུ་ཤོར་བའི་མོ་ཊ་དང་། རྐུ་ཤོར་བའི་དུས་ཚོད། བྲོས་ཤུལ་ལམ་ཐིག་བཅས་ལ་དབྱེ་ཞིབ་བྱས་པ་བརྒྱུད། རྐུ་ཤོར་བའི་འཕྲུལ་སྒུལ་འཁོར་རིགས་ཀྱི་གྱོད་གཞི་ཁག་གཉིས་དབར་འབྲེལ་བ་ངེས་ཅན་ཡོད་པ་ཤེས་པ་མ་ཟད། གྱོད་གཞི་དེ་གཉིས་མཉམ་དུ་རྩད་གཅོད་རྒྱུའི་ཐག་བཅད། མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་བཙལ་འཚོལ་དང་གྲལ་བཤེར་ཧུར་ཐག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་འབྲེལ་ཡོད་གནས་ཚུལ་སྡེ་ཚན་གཞན་དག་ལ་དུས་ཐོག་ཏུ་འབྲེལ་བ་བྱས་ཏེ་ཁུངས་སྣེ་མཁོ་འདོན་བྱེད་རྒྱུའི་རེ་བ་བཏོན་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་པའི་རུ་དཔོན་རྒན་པ་དབྱང་ཞུའེ་ཅུན་གྱིས།

    ང་ཚོས་མྱུལ་ཞིབ་བྱེད་སྐབས་མིང་ལ་པ་ཆེ་གེ་མོ་ཟེར་མཁན་ཞིག་ལ་དོགས་པ་ཆེན་པོ་བྱུང་། ཟླ་3ཚེས་16ཉིན་གྱི་དགོང་མོའི་ཆུ་ཚོད་9པར་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དཔལ་སྡིངས་གྲོང་ཚོའི་གཞལ་ནས་བཟུང་སྐབས། པ་ཆེ་གེ་མོ་ར་བཟི་ཡོད་པ་དང་རྐུ་བརྒྱབ་པའི་ཞུའེ་ཐེ་ལུང་རྟགས་ཅན་གྱི་འཁོར་རྟགས་མེད་པའི་འཇིབ་ཆུང་དཀར་པོ་ཞིག་བཏང་ཡོད་ཅིང་། འཛིན་བཟུང་བྱེད་སྐབས་རླངས་འཁོར་ནང་ཁྱོན་མི་6ཡོད་པ་སྟེ། བུད་མེད་2དང་སྐྱེས་པ་4ཡོད་ཅིང་། དེའི་ནང་གི་སྐྱེས་པ་བཞི་པོ་ནི་པ་ཆེ་གེ་མོ་དང་། བསྟན་ཆེ་གེ་མོ། བྱམས་ཆེ་གེ་མོ། ཤི་ཆེ་གེ་མོ་བཅས་དེ་སྔོན་འཛིན་བཟུང་བྱེད་རྒྱུར་གཏན་འཁེལ་བྱུང་བའི་ཉེས་གསོག་དོགས་ཅན་ཤ་སྟག་ཡིན་པ་དང་། དེ་དག་འཕྲུལ་སྒུལ་འཁོར་རིགས་ཀྱི་གྱོད་གཞི་དང་། ལམ་རྒྱུད་ཚོང་ཁང་གི་རྐུ་རྒྱག་གྱོད་གཞི། ཁ་པར་རྐུ་རྒྱག་གི་གྱོད་གཞི་སོགས་དང་འབྲེལ་བ་ཡོད། གཞན་ཡང་། པ་ཆེ་གེ་མོར་ཉེན་ཆེའི་མོ་ཊ་བཏང་བའི་ཉེས་གསོག་གི་དོགས་གཞི་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་དུ་འཕྲུལ་སྒུལ་འཁོར་རིགས་རྐུ་བའི་གྱོད་གཞི་ཐོན་ཉུང་དུ་ངེས་ཅན་ཕྱིན་མོད། འོན་ཀྱང་མི་འགྲུལ་བཞུད་ཉུང་ས་དང་ལམ་གུ་དོག་སར་ཉེས་གསོག་གི་བྱེད་སྤྱོད་རེ་གཉིས་ཐོན་གྱི་ཡོད། ཉེན་རྟོག་ཕྱོགས་ཀྱིས་སྐོར་གཡེང་ཞིབ་བཤེར་ལ་ཤུགས་སྣོན་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག རྒྱ་ཆེའི་གྲོང་མིས་ཀྱང་དོགས་ཟོན་ཆེར་སྐྱེད་དང་འགོག་ཟོན་ཡག་པོ་བྱེད་རྒྱུའི་དྲན་སྐུལ་བྱས་པ་རེད།

    འདྲི་ཞིབ་བྱས་པ་བརྒྱུད། གྱོད་འབྲེལ་ཉེས་གསོག་དོགས་ཅན་ཚང་མས་སོ་སོའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། གྱོད་གཞི་ཞིབ་བཤེར་གཏིང་ཟབ་དང་དེ་བཞིན་བརྐུས་དངོས་དེད་ལེན་གྱི་ལས་དོན་སྔར་བས་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།