དབུ་ཤོག>ཁྲིམས་ལུགས།
  • སྲིད་གཙང་སློབ་གསོའི་ལྟེ་གནས་ཀྱི་སྤུས་རྟགས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་སྲིད་གཙང་སློབ་གསོའི་ལྟེ་གནས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་དུ། རུལ་རྒོལ་གཙང་སྤེལ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསོན་ཉམས་དོད་པོས་བསྐྱར་དུ་མངོན་པ་དང་དེ་བཞིན་ཉེ་བའི་ལོ་ཤས་རིང་ཐོན་པའི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་ལས་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པར་སེམས་ནང་སྐྲག་ས་ཡོད་པ་དང་སྤྱོད་ངན་སྤེལ་མི་ནུས་པ་བྱས་ནས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་རགས་བརྟན་དུ་བཏང་ཡོད། 2021ལོའི་ཟླ་11པར་སྒོ་བྱང་བཀལ་ནས་དངོས་སུ་སྤྱོད་འགོ་ཚུགས་ཚུན། གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་ནང་གི་མི་ཐེངས་326ལྟ་སྐོར་དང་སློབ་སྦྱོང་བྱེད་དུ་བཅུག་པ་དང་ལྗོངས་ཕྱི་ནང་གི་ཚན་པའི་མི་ཐེངས་3000ལྷག་ཙམ་ལྟ་སྐོར་བྱེད་པར་སླེབས་ཡོད།

    “ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་ཁུར་ནས་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཏུ་བརྩིས་ཏེ། སྲིད་གཙང་སློབ་གསོའི་ལྟེ་གནས་ཀྱི་སྤུས་རྟགས་གཏོད་པ་དང་། དྲན་སྐུལ་ཟིལ་གནོན་གྱི་སློབ་གསོར་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། སྤྱོད་གཙང་གོང་བཀུར་གྱི་རྣམ་པ་གཏོད་པ་བཅས་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།

    “གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་སྲིད་གཙང་སློབ་གསོ་ལྟེ་གནས་ཀྱིས་དུས་རབས་གསར་པའི་སྤྱོད་གཙང་སློབ་གསོའི་བླང་བྱ་དེ་རྒྱུན་གཏན་གྱི་སློབ་གསོ་དང་ལྟ་འདོམས་ཁྲོད་ཁྱབ་པར་བྱས་ནས། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་སྤྱོད་གཙང་རང་གཅུན་ལ་ཤུགས་སྣོན་དང་། སྲིད་གཙང་སློབ་གསོ་ལྟེ་གནས་ཀྱི་ནུས་པ་འདོན་པ། རྒྱ་ཆེའི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པའི་རུལ་སུངས་བྱེད་མི་ཐུབ་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་སྲིད་གཙང་སློབ་གསོ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།