དབུ་ཤོག>ཁྲིམས་ལུགས།
  • གྱོད་འབྲེལ་དངུལ་སྒོར་1069950.07འདེད་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ཉེ་དུས་ལྷུན་གྲུབ་རྫོང་ཁྲིམས་ཁང་གིས་ལག་བསྟར་གྱོད་འབྲེལ་དངུལ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།

    ད་ཐེངས་ཀྱི་གྱོད་འབྲེལ་དངུལ་སྤྲོད་པ་དང་འབྲེལ་བ་ཡོད་པའི་ལག་བསྟར་གྱོད་གཞི་ནི་ལྷུན་གྲུབ་རྫོང་གི་མཉམ་ལས་ཁང་ཞིག་དང་ནག་ཆུའི་ཀུང་སི་ཞིག་དབར་གྱི་ཉོ་ཚོང་རྩོད་གཞི་རེད། ལྷུན་གྲུབ་རྫོང་ཁྲིམས་ཁང་གི་ལག་བསྟར་ཅུས་ཀྱིས་གྱོད་འབྲེལ་དངུལ་ཆ་ཚང་བདེ་བླག་ངང་འདེད་ལེན་བྱས་ཤིང་། “གྱོད་གཞི་རེར་ཐོ་ཁོངས་རེ”བཟོ་བའི་བླང་བྱར་ནན་པོར་གཞིགས་ཏེ། གྱོད་འབྲེལ་དངུལ་ཆ་ཚང་གྱོད་གཞི་རེ་འདུན་ཞུ་མཁན་ལ་སྤྲད་པ་དང་། གྱོད་འབྲེལ་དངུལ་ཁྱོན་བསྡོམས་སྒོར་1069950.07སྤྲད་པ་རེད།

    ལྷུན་གྲུབ་རྫོང་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས“གྱོད་གཞི་རེར་ཐོ་ཁོངས་རེའི”བྱེད་ཐབས་བཏོན་ནས་ལག་ལེན་བསྟར་བ་ལས་ལག་བསྟར་གྱོད་འབྲེལ་དངུལ་དོ་དམ་ཚན་རིག་ཅན་དང་ཚད་ལྡན་ཅན་མངོན་འགྱུར་བྱུང་བ་དང་། དེ་ནི་མི་དམངས་ཁྲིམས་ཁང་གིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”གསོན་ཉམས་དོད་པའི་ལག་ལེན་དང་དགེ་མཚན་ལྡན་པའི་འཚོལ་ཞིབ་རེད་ལ་མི་དམངས་ཁྲིམས་ཁང་གི“མི་དམངས་ལྟེ་བར་འཛིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་གང་ལེགས་མངོན་ཡོད། གྱོད་གཞི་འདི་རེ་འདུན་ཞུ་མཁན་ནི་ལྷུན་གྲུབ་རྫོང་གི་མཉམ་ལས་ཁང་ཞིག་ཡིན་པ་དང་མཉམ་ལས་ཁང་གི་མང་ཚོགས་40ལྷག་ཙམ་ལ་ཕན་པ་ཐོབ་ཅིང་། “གྱོད་གཞི་རེར་ཐོ་ཁོངས་རེའི”བྱེད་ཐབས་ལ་བརྟེན་ནས་ལག་བསྟར་གྱོད་འབྲེལ་དངུལ་ཁྲི་བརྒྱ་ལྷག་ཙམ་སྤྲད་པས་མང་ཚོགས་ལ་སྔར་ལས་ལྷག་པའི་འགན་སྲུང་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།