པར་རིས་གསར་འགྱུར།
སློབ་མའི་འཚར་ལོངས་དང་ལུས་སེམས་བདེ་ཐང་གི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཚོགས་པ་ནན་ཅིང་ཚོད་ལྟའི་སློབ་ཆུང་དུ་བསྐྱོད་ནས་སློབ་མའི་གཟུགས་པོར་བརྟག་དཔྱད་བྱས་ཤིང་། ད་ཐེངས་ཀྱི་བརྟག་དཔྱད་ནང་མིག་ཤེད་དང་། ཁ་སྦུག་གི་ནད། མཆིན་པ། ཁྲག་འཁོར་རྒྱུག གཅིན་པ་སོགས་ཚུད་ཅིང་། འདི་ནི་སྨན་པས་སློབ་མར་བརྟག་དཔྱད་བྱེད་བཞིན་པ།