དབུ་ཤོག>ཁྲིམས་ལུགས།
  • གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ཉེ་ཆར། ཁྲེང་ཀོན་སྤྱི་བདེ་ཅུས་རྔ་ཆེན་མངགས་གཏོང་ཁང་གིས་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་ཐོན་པའི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་དཔྱོད་གཏིང་ཟབ་བྱས་ཏེ་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་ཀྱིས་ཁོངས་གཏོགས་ཁུལ་དུ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྔ་ཆེན་མངགས་གཏོང་ཁང་གིས་ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། ཚན་པ་ཁག་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། ལས་གཉེར་གྱི་དོ་དམ་བྱ་ཐབས་ཁ་གསལ་བཟོ་བ། གློག་འཕྲིན་ཁ་བསླུས་ཀྱི་ཉེན་དོན་གྲངས་གཞི་དང་གནས་ཚུལ་ཐོན་མང་བའི་ཁུལ་བརྡ་ཁྱབ་གཏོང་བ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཉེན་ཟོན་སྔོན་བརྡའི་འདྲ་དཔེ་བཟོ་བ། ལས་འགན་དོན་འཁྱོལ་ཡག་པོ་བྱས་མེད་པའི་ཚན་པ་དང་ཁེ་ལས་ལ་སྐོང་འདྲི་དང་འགན་འཁྲི་བདའ་འདེད་བྱེད་པ། “མིག་མངས་འགྲིག་སྐོར་གཅིག”གི་སྐུལ་འདེད་མ་ལག་གྲུབ་པར་བྱེད་པ། མངགས་གཏོང་ཁང་གཅིག་པུས་ལས་དོན་སྤེལ་བའི་སྲོལ་རྒྱུན་གྱི་རྣམ་པར་རྦད་དེ་སྒྱུར་བཅོས་བཅས་བྱས་ཏེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཀྱི་ཉེ་གསོག་ལ་རྡུག་རྡེག་དང་འགོག་ཟོན་བྱེད་པའི་རྣམ་པ་ཟབ་མོ་བཏོད་ཡོད།

    གྲངས་གཞི་ལས་མངོན་གསལ། རྔ་ཆེན་མངགས་གཏོང་ཁང་གིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་ཚུན། རིམ་རྩིས་ལྟར་ན། དྲིལ་བསྒྲགས་དཔྱད་ཡིག་ཁྲི་2ལྷག་ཙམ་སྤྲད་པ་དང་། དྲིལ་བསྒྲགས་བྱེད་སྒོ་མི་ཐེངས་ཁྲི་3ལྷག་ཙམ་ལ་ཁྱབ་པ། མགོ་སྐོར་ཐེབས་རྒྱ་ཆུང་ངུ་གཏོང་གང་ཐུབ་བཅས་བྱས་ཏེ། མང་ཚོགས་ཀྱི་རྒན་གསོའི་དངུལ་དང་དཀའ་ལས་བརྒྱབ་པའི་དངུལ་བརྟན་པོ་བསྲུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།