དབུ་ཤོག>ཁྲིམས་ལུགས།
  • སྣེ་གདོང་ཆུས་ཀྱིས་ཆེད་དོན་ཞིབ་བཤེར་བྱས་ཏེ་སློབ་གྲྭའི་བདེ་འཇགས་ཀྱི“འགོག་ཟོན་གྱང”བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-28

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲོམ་ར་ལྟ་འདོམས་ཅུས་དང་། སློབ་གསོ། འཕྲལ་སྡོམ་དོ་དམ། མེ་ཟོན་སོགས་སྡེ་ཚན་མང་པོས་མཐུན་སྦྱོར་མཉམ་འགུལ་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་ཁག་དང་དེ་བཞིན་ཉེ་འཁོར་གྱི་ས་ཁོངས་སུ་བཟའ་བཅའི་བདེ་འཇགས་དང་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་ཆེ་མོ་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་སློབ་གྲྭའི་ཟ་ཁང་དང་དེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་ཟ་ཁང་དང་ཚོང་ཁང་གིས་བཟའ་བཅའི་བདེ་འཇགས་དང་མེ་ཟོན་བདེ་འཇགས་ཀྱི་འཕྲལ་སྡོམ་སྔོན་ཇུས་གཏན་འབེབས་གཞིར་བཟུང་བཟོས་ཡོད་མེད་དང་། གཉེར་སྐྱོང་མཁན་གྱིས“མེད་པ་གསུམ”དང“ཆ་འདྲའི”གྲགས་ཅན་ཚོང་ཟོག་དང་དེ་བཞིན་སྤུས་ཀ་ཞན་པ་དང་དུས་ཚོད་ཡོལ་བའི་ཚོང་ཟོག་ཚོང་བའི་བྱེད་སྤྱོད་ཡོད་མེད། རྒྱལ་ཁབ་ཀྱིས་གཏན་འགོག་བྱས་པའི་རིག་གནས་ལུས་རྩལ་ཡོ་ཆས་འཚོང་གི་ཡོད་མེད། མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་མེད་དང་བེད་སྤྱོད་ཡོད་མེད། བཟའ་བཅའ་ཉོ་སྒྲུབ་དང་། ཟོག་འདྲེན་ཞིབ་བཤེར། ལག་ཁྱེར་དང་སྤ་སེ་བླངས་ཡོད་མེད། བཟའ་བཅའི་མ་དཔེ་བསྡུ་ལེན་རྩིས་ཐོ་ཐོ་འགོད། བཟའ་བཅའ་ཉར་ཚགས་དང་། སྣོད་ཆས་འཁྲུ་བ་དང་དུག་སེལ། ལས་མིའི་བདེ་ཐང་ལག་ཁྱེར། ཐབ་ཚང་གི་འཕྲོད་བསྟེན། གནས་ཡུལ་གྱི་གཙང་སྦྲ་སོགས་ལྷུ་ཚིགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་ཆབས་ཅིག སློབ་གྲྭའི་དགེ་སློབ་དང་ཚོང་དུད་སོགས་ལ་བདེ་འཇགས་ཀྱི་སློབ་གསོ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་གཉེར་སྐྱོང་བྱེད་པོའི་གཉེར་སྐྱོང་གི་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད།

    ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་ནང་ཁྱོན་སློབ་གྲྭའི་ཟ་ཁང་9དང་སློབ་གྲྭའི་ཉེ་འགྲམ་དུ་གཉེར་སྐྱོང་བྱས་པའི་ཚོང་དུད་25ལ་ཞིབ་བཤེར་བྱས་པ་དང་། དྲིལ་བསྒྲགས་ལག་དེབ་80སྤྲད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་6ཤེས་རྟོགས་ཐུབ་པ་དང་འབྲེལ་དག་ཐེར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།